རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼བཅོ་ལྔ།༽

创作翻唱 划过天边的情歌 第25期 2022-12-30 创建 播放:27512

介绍: ༼བཅོ་ལྔ།༽
དགུང་ཉི་མ་འདྲའི་རོགས་ལོ།།
དགྲ་ཆི་བདག་ནག་པོས་བསྒྲིབས་ཐལ།།
དགུང་ཉི་མ་ཡང་ནས་ཡང་ཤར།།
ངའི་རོགས་ལོ་ཡང་ཐུག་མེད་ཁུ།།
དུང་ཟླ་བ་འདྲའི་རོགས་ལོ།།
འདི་དགྲ་ཆེན་གཟའ་ཡིས་བཟུང་ཐལ།།
དུང་ཟླ་བ་ཡང་ཤར་ཡང་ནུབ།།
ངའི་རོགས་ལོ་ཡང་ཐུག་མེད་ཁུ།།
ཡར་བལྟས་ན་ཨ་སྔོན་སྟོང་བ།།
མར་བལྟས་ན་དོག་མོ་སྟོང་བ།།
ས་འཇིག་རྟེན་གནམ་གྱི་འོག་ན།།
ང་ཡོ...

介绍: ༼བཅོ་ལྔ།༽
དགུང་ཉི་མ་འདྲའི་རོགས་ལོ།།
དགྲ་ཆི་བདག་ནག་པོས་བསྒྲིབས་ཐལ།།
དགུང་ཉི་མ་ཡང་ནས་ཡང་ཤར།།
ངའི་རོགས་ལོ་ཡང་ཐུག་མེད་ཁུ།།
དུང་ཟླ་བ་འདྲའི་རོགས་ལོ།།
འདི་དགྲ་ཆེན་གཟའ་ཡིས་བཟུང་ཐལ།།
དུང་ཟླ་བ་ཡང་ཤར་ཡང་ནུབ།།
ངའི་རོགས་ལོ་ཡང་ཐུག་མེད་ཁུ།།
ཡར་བལྟས་ན་ཨ་སྔོན་སྟོང་བ།།
མར་བལྟས་ན་དོག་མོ་སྟོང་བ།།
ས་འཇིག་རྟེན་གནམ་གྱི་འོག་ན།།
ང་ཡོད་ནོ་ཆུང་འདྲེས་རོགས་ཡིན།།
རོགས་མ་གཏོགས་རྟེན་ས་ང་མེད།།
རྟེན་ཟེར་རྒྱུ་ཤི་མས་ཡུལ་རེད།།
ཐུག་ཟེར་རྒྱུ་ཕྱི་སོ་ནང་རེད།།
འགྲོགས་ཟེར་རྒྱུ་འདི་ཕྱི་གཉིས་རེད།།
ཚེ་ཕྱི་མའི་བར་དོ་ཕྲེང་ནས།།
ངས་རོགས་གྱི་འགྲོ་རོགས་མི་ཉན།།
འདི་འགྲོ་རོགས་དམ་པའི་ཆོས་རེད།།
སྐྱབས་རེ་ས་དཀོན་མཆོག་གསུམ་ཡིན།།
གསོན་འཇིག་རྟེན་རྟག་རྒྱུ་མེད་ཁུ།།
གཞི་འཁོར་བ་སྙིང་བོ་མེད་ཁུ།།
འདི་དེ་རིང་ཉི་མ་ཕན་ཆད།།
སྡུག་འཁོར་བ་ཞེན་ཆགས་ང་མེད།།
ས་རྒན་གྱའི་བྲག་དཀར་གནས་ཀྱི།།
མ་མཁའ་འགྲོ་སྟོང་གི་གནས་ཡིན།།
སྐྱབས་སླུ་མེད་བསྐོར་བ་དཀར་བོ།།
ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ཡིན།།
ངས་བསམ་ཡས་བླ་མ་ལྡེམ་འཇུག།
ངས་ཐར་བས་ལམ་ཞིག་བསྒྲུབས་རྒྱུ།།
སྐྲ་ལན་བུ་རྒྱ་ལྕང་ལོ་མ།།
འདི་སྔོན་ཆད་བདག་པོ་རོགས་ཡིན།།
ད་བདག་པོ་གཞན་ངས་མི་བཙལ།།
ངས་རོགས་ཀྱི་ས་ལ་གཏོར་རྒྱུ།།
ཨ་སྐྱབས་ཅིག་རྩ་བའི་བླ་མ།།
སྐྱབས་སླུ་བ་མེད་པའི་དཀོན་མཆོག།
ཚེ་གང་ལ་མ་ནི་ངས་འདོད།།
ཚེགང་ལ་དགེ་སྒྲུབ་ངས་བྱེད།།
འདི་བར་དོ་མུན་ནག་མཁའ་ནས།།
ངའི་རོགས་ལ་ལམ་སྟོན་མཛོད་ཅིག།
ངའི་རོགས་ལ་མགོན་སྐྱབ་མཛོད་ཅིག།
ཚེ་ཕྱི་མ་དགའ་ལྡན་ཞུང་ནས།།
འདི་མཉམ་གྱིས་སྨོན་ལམ་གསལ་ཅིག།
འདི་བརྩེ་གཅིག་སྨོན་ལམ་ངས་འདེབས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息