介绍: སྔོན་བགྲང་བྱ་མང་པོ་ཞིག་སྔ་རོལ་ཏུ། གནམ་ཟུག་རྨ་རྒྱལ་སྦོམ་རའི་བྱང་ཕྱོགས།
རྨ་ལུང་གཡས་སུ་འཁྱིལ་བའི་འགྲམ་བརྒྱུད།འབྲོག་ས་གསེར་ལུང་ཁམས་མདོ་ཞེས་བས་གནམ་འཁོར་ལོ་རྩིབས་བརྒྱད་ལ་ཉི་ཟླའི་འོད་ཁྱིམ་ཡག་ས།ས་པདྨ་འདབ་བརྒྱད་ལ་རི་ཆུའི་གཡུང་དྲུང་འཁྱིལ་ས། མི་རྒྱུད་ཡག་ཅིང་རུས་རྒྱུད་གཙང་བ།སྦྲ་ནག་དང་འབྲོག་གུར་སྣ་ཚོགས་གཡུ་མདོག་རྩྭ་ལྗང་གུ...
介绍: སྔོན་བགྲང་བྱ་མང་པོ་ཞིག་སྔ་རོལ་ཏུ། གནམ་ཟུག་རྨ་རྒྱལ་སྦོམ་རའི་བྱང་ཕྱོགས།
རྨ་ལུང་གཡས་སུ་འཁྱིལ་བའི་འགྲམ་བརྒྱུད།འབྲོག་ས་གསེར་ལུང་ཁམས་མདོ་ཞེས་བས་གནམ་འཁོར་ལོ་རྩིབས་བརྒྱད་ལ་ཉི་ཟླའི་འོད་ཁྱིམ་ཡག་ས།ས་པདྨ་འདབ་བརྒྱད་ལ་རི་ཆུའི་གཡུང་དྲུང་འཁྱིལ་ས། མི་རྒྱུད་ཡག་ཅིང་རུས་རྒྱུད་གཙང་བ།སྦྲ་ནག་དང་འབྲོག་གུར་སྣ་ཚོགས་གཡུ་མདོག་རྩྭ་ལྗང་གུའི་རྒྱན་ཏུ་བཏབ་པ།
ས་གཙང་ལ་ཡུལ་ལྗོངས་མཛེས་པ།སྟག་ཤར་མཚོ་ཁའི་མེ་ཏོག་དང་སྨན་ཤར་ཡིད་འཕྲོག་ལྷ་མོའི་སྒེག་ཉམས་ཆེ་བ།གནས་དེ་བུ་དཔལ་གྱི་དོན་གྲུབ་དང་བུ་མོ་གསེར་ལུང་གཡུ་མཚོ་གཉིས་ནི། སྤང་གཞུང་ཆུ་མོ་འགྲམ་གྱི་མེ་ཏོག་ཆ་གཅིག་དང་གཡ་མདོག་མཚོ་མོ་ཁ་ཡི་ངང་ཆུང་ཆ་གཅིག་ལྟར།སྐྱིད་སྣང་སྤྲོ་དགའ་འཛོམས་པའི་འཚོ་བ་ཞིག་གྲུབ་ཡོད།ཉིན་ཞིག་བུ་དཔལ་གྱི་དོན་གྲུབ་ཀྱིས་གླུ་འདི་ལྟར་བླངས་སོ།
དགུང་ཨ་སྔོན་གོས་སྔོན་གཤམ་འོག། ས་དོག་མོ་དར་ལྗང་ཡང་སྟེང་།།
སྤང་ཨ་ལོང་མེ་ལོང་ཁུགས་སོ།། ལུག་གཡང་དཀར་འཚོ་སའི་གནས་ཡིན།།
ཚེ་སྔོན་མའི་ལས་དབང་བཟང་པོས།། ཞེ་སྣང་བ་དར་སྐུད་ཕྲ་མོ།།
རོགས་ཆུང་ལོའི་ཕྱོགས་ལ་འཐེན་ནས། འདང་ཞེ་བརྩེ་འོ་ཆུ་འདྲིས་འདྲིས།།
ཚིག་སྙིང་གཏམ་སྒྲོག་གུ་སྒྲོག་སྒྲོག། མཐུན་ལག་ཟུང་ཨ་ལོང་སྦྲེལ་སྦྲེལ།།
སྐྱིད་འཇིག་རྟེན་གནམ་གྱི་འོག་ན།། རོག་ངེད་གཉིས་སྐྱིད་ཟིག་མེད་ཁུ།།
ས་ཡག་པ་གསེར་ལུང་ཁ་མདོ།། གནམ་འཁོར་ལོ་རྩིབས་བརྒྱད་རང་འཁོར།།
ས་པདྨ་འདབ་བརྒྱད་རང་གྲུབ།། གནས་འདི་ནས་མཉམ་འགྲོ་མཉམ་འདུག།
ནང་སྔ་མོའི་ཉི་རྩེ་སེར་པོ།། རི་རྫ་དམར་རྩེ་ལ་རྒྱག་རེས།།
དཀར་ཤོད་ལེ་གཡང་དཀར་ལུག་ཁྱུ།། སྤྲིན་དཀར་བོ་ཐོད་ལ་ལྷུང་འདྲ།།
རོག་འུ་གཉིས་ལང་ཚོ་དར་བབས།། གསེར་མེ་ཏོག་སྤང་ནས་བཞད་འདྲ།།
ངག་སྙན་མོའི་སྙིང་གཏམ་བཤད་ན།། ཚིག་རིན་ཆེན་མགུར་མ་བཞེངས་འདྲ།།
ཁ་མི་བྲལ་དམ་བཅའ་དམར་པོ།།ཚེ་འདི་ཕྱིའི་མཚམས་ལ་བཞག་ནས།།
ཁྱིམ་གཅིག་གི་སྨོན་ལམ་གཙང་མ།། སེམས་བསམ་པའི་གཏིང་ནས་བཏབས་ཡོད།།
སྟོད་རི་བརྒྱ་འབྲོང་བརྒྱ་འཁོར་ས།། འབྲོང་བྲེ་ལོའི་ཧུར་སྒྲ་བྱང་བྱང་།།
སྨད་མཚོ་ཆུང་ངང་ཆུང་འཁོར་ས།། བྱ་ངང་བའི་གྲེ་འགྱུར་ལྷང་ལྷང་།།
བྲག་དམར་པོ་ཐེམ་པ་དགུ་བརྩེགས།། བྱ་རྒོད་པོ་འཕུར་ས་འབབ་ས།།
སྤང་སེར་པོ་གསེར་ལྡན་གྲུ་བཞི།། རོག་འུ་གཉིས་རྩེད་ས་འཁོར་ས།།
ན་མེ་ལུང་མེ་ཏོག་དགའ་ཚལ།། སེམས་མཐུན་གི་སྣང་གླུ་ལེན་ས།།
ཕྱི་འཁོར་བ་རྟགས་བཞའ་མེད་རུང་།། ནང་སེམས་ཁོང་སྐྱིད་ཀྱི་ཁེངས་ཡོད།།
ཆུ་དྭངས་མོ་གསེར་ལྡན་གཞུང་གི། མཛེས་མེ་ཏོག་པདྨ་ང་ཡིན།།
ངག་སྙན་མོ་གླུ་དབྱངས་ལེན་གི། དེར་འཁོར་གི་སྦྲང་ཆུང་ཁྱོད་ཡིན།།
གཡུ་མེ་ལོང་མཚོ་མོ་ཁ་གི། གསེར་སེར་བོའི་ངང་མོ་ང་ཡིན།།
སྐད་སྙན་མོའི་སྙན་དབང་འཕྲོག་ནས།། གཤོག་མཉམ་གྱི་གསེར་ལོ་ཁྱོད་ཡིན།།
ནངས་སྔ་མོ་ཉི་རྩེ་མཉམ་བསུ།། དགོང་ཕྱི་དྲི་གྲིབ་ཆེན་མཉམ་གོན།།
ལོ་ཉི་ཤུ་སྐྱིད་ཀྱི་ཉི་མ།། འདིའི་ཡན་ཟིག་འཆར་རྒྱུ་ཆེ་ཡོད།།
ལས་རང་མཐུན་ཚེ་གྲོགས་ཟེར་ནོ།། ཁྱོད་ཡན་ཟིག་རྙེད་རྒྱུ་ཆེ་ཡོད།།
སྡེ་མྱི་ཁ་ངན་རུང་མི་འཛེམས།། བགེག་བར་ཆད་ཆེ་རུང་མི་འབྲལ།།
སེམས་གང་དཀར་དམ་བཅའ་བརྟན་པོ།། ནམ་ཡིན་རུང་འགྱུར་གི་དཔེ་མེད།།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息