ཚེ་བསྐལ་བ་སྟོང་གི་སྨོན་ལམ།

创作翻唱 划过天边的情歌 第52期 2023-05-08 创建 播放:32158

介绍: རྫ་སྨུག་པ་ཅན་པོའི་ནང་ལུང་།། སྤང་མེ་ཏོག་ཅན་པོའི་ཡང་སྟེང་།།
ལུག་བལ་ཁ་ཅན་པོ་འཚོ་བའི།། རོགས་ཁ་ཚིག་ཅན་པོ་དྲན་ན།།
ཞེ་དངན་པ་ལ་འཐིབ་ལུང་འཐིབ།། མིག་འཆི་མ་ནངས་བཞུར་དགོང་བཞུར།།
སེམས་སྐྱ་མོ་ཐང་ལ་ལྷུང་ནས།། འགྲོ་གོམ་པའི་དང་ལྷོད་འཆོར་ཁུ།།
དེ་ལོས་ཡིན་ཆུང་འདྲིས་རོགས་རེད།། འདང་ཞེ་རྩིས་ཅན་གྱི་མྱི་རེད།།
སྟག་ཤ་རའི་ནང་གི་དང་རྩེ།།...

སྟག་ཤ་རའི་ནང་གི་དང་རྩེ།། སྨན་བུ་མོ་སེམས་ཀྱི་འཁྲི་ཤིང་།།
མིག་ཁྲ་ཆུང་སྐར་ཆེན་འདྲ་མོས།། ཚིག་ལོས་བཤད་འདོད་ལེ་བལྟ་དུས།།
ཞེ་འོ་མ་འདྲ་བོ་གསེང་ནས།། འདང་མར་ལོ་འདྲ་བོ་འཁྲུངས་ཡོད།།
ཚིག་སྙན་མོའི་མགོ་རྐང་སྒྲིག་ནས།། ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད།།
ངའི་ཚེ་སྔོན་ལས་མཐུན་རོགས་ལོ།། རོགས་འདི་ནས་ཐུག་ནོ་སྐྱིད་ཡོད།།
ལུས་རིན་ཆེན་ཐོད་པའི་ཁ་ཡིག། ཞེ་འདི་ནས་མཐུན་ནོ་དགའ་ཡོད།།
སྐྱིད་འཇིག་རྟེན་སྐྱིད་ལ་སོང་ནས།། ལས་བསམ་སར་འགྲོ་མིན་སུས་ཤེས།།
ས་ཁ་ཐག་རུ་ཆུས་བཅད་ནས།། ཞེ་ཁོ་ཐག་ཆད་ནས་བསྡད་རུང་།།
རོགས་རང་རང་ཡིད་སེམས་དྲང་ན།། ཁྱིམ་གཅིག་ན་མེད་རུང་ཅི་སྐྱོན།།
ངས་མི་བརྗེད་ཚིག་ཅིག་བཤད་ན།། མི་འགལ་མནའ་ཞིག་བཅའ་ན།།
ངའི་རང་སེམས་དར་ཀྱི་སྐུད་པ།། ཕྱི་སྡེ་བའི་མིག་ལ་སྡུག་རུང་།།
ལུས་རིན་ཆེན་སྲོག་གི་ཁེབས་མ།། གླིང་མི་ཁའི་བཙོན་ལ་བཅུག་རུང་།།
ཁྲེལ་རློམ་པའི་དར་ཐག་འཐེན་ནས།། སྲོག་དམར་པོ་འབེན་ལ་བཞག་ནས།།
ཁྲེལ་བློ་བཏད་ཅན་གྱི་རོགས་ལོ།། ཤ་མཆིན་པར་གླན་ས་བྱས་ཡོད།།
ཚེ་བསྐལ་བ་སྟོང་གི་སྨོན་ལམ། འདིའི་ཡན་ཞིག་མིན་ནོ་ཤེས་དགོས།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息