རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼བརྒྱད་པ།༽

创作翻唱 划过天边的情歌 第32期 2022-12-26 创建 播放:29024

介绍: ༼བརྒྱད་པ༽
མ་གཅེས་ཕྲུག་བུ་མོ་ཚེ་སྐྱིད།།
ཁྱོད་ཁ་རོག་དྲན་རྒྱུ་མ་མང་།།
གནས་འགྲོ་ས་ཨ་ཕས་བཙལ་ཡོད།།
ཁྱོད་རངསྡེ་ཁྲ་མོ་བསྐྱུར་ནས།།
ས་རྒན་གྱར་འགྲོ་དོན་ཅི་ཡིན།།
སྡེ་སྨན་ཚོང་རྒན་གྱའི་བར་ལ།།
དུས་མི་བདེ་ནང་འཁྲུག་ཆེ་ནོ།།
འདུག་མི་བདེ་ཁ་མཆུ་མང་ནོ།།
ཁྱོད་བུ་མོ་གླེན་མ་མ་རེད།།
དེ་མི་ཤེས་ནི་ཞིག་ཅི་ཡིན།།
ཁྱོད་ད་ལོ་མོ་ལོ་བཅོ་ལྔ།།
བ...

介绍: ༼བརྒྱད་པ༽
མ་གཅེས་ཕྲུག་བུ་མོ་ཚེ་སྐྱིད།།
ཁྱོད་ཁ་རོག་དྲན་རྒྱུ་མ་མང་།།
གནས་འགྲོ་ས་ཨ་ཕས་བཙལ་ཡོད།།
ཁྱོད་རངསྡེ་ཁྲ་མོ་བསྐྱུར་ནས།།
ས་རྒན་གྱར་འགྲོ་དོན་ཅི་ཡིན།།
སྡེ་སྨན་ཚོང་རྒན་གྱའི་བར་ལ།།
དུས་མི་བདེ་ནང་འཁྲུག་ཆེ་ནོ།།
འདུག་མི་བདེ་ཁ་མཆུ་མང་ནོ།།
ཁྱོད་བུ་མོ་གླེན་མ་མ་རེད།།
དེ་མི་ཤེས་ནི་ཞིག་ཅི་ཡིན།།
ཁྱོད་ད་ལོ་མོ་ལོ་བཅོ་ལྔ།།
བཤད་ཅི་དགོས་ཁྱོད་ཀྱི་ལོས་ཤེས།།
སྡེ་མི་གཅིག་གནམ་སའི་བར་ལ།།
ཚེ་གཅིག་གི་བཟའ་ཚང་ཕར་ཞོག།
ཟས་ཟ་མའི་འབྲེལ་ཐག་ཆད་ཡོད།།
མི་བསད་པའི་ཕོ་གྱོད་ལུས་ཡོད།།
རྟ་དེད་པའི་མོ་གྱོད་ལོས་ཡོད།།
སྡེ་མི་འགྲིག་ཁ་མཆུ་བར་ནས།།
ཁྱོད་བུ་མོའི་འདོད་གཏམ་དུག་ཚེར།།
ང་ཨ་ཕས་གོ་ན་སུན་ཁུ།།
ཡུལ་ཕ་མས་སེམས་ཁ་མ་དཀྲུགས།།
གཅིག་དཀྲུགས་ན་ཉེས་པ་ཁྱོད་ཆེ།།
ས་རྒན་གྱའི་གཞུང་ཁོག་མ་གཏོགས།།
སྟོད་རྒྱ་གར་ཡུལ་ལ་འགྲོ་ན།།
ང་ཨ་ཕས་སྔོན་ནས་མི་འགོག།
དྲིན་མ་ལོས་གཞུག་ནས་མི་འཐེན།།
སྐྲ་ལན་བུ་མགོ་རྒྱན་དགོས་ན།།
གནམ་སྐར་མ་ལེན་ན་ཁྱོད་སྟེར།།
སྐེ་བྱུ་རུའི་རྒྱན་ཆ་དགོས་ན།།
སྨད་རྒྱ་མཚོའི་གཏིང་ནས་ངས་ལེན།།
རྒྱུ་ནོམ་པས་རྫོངས་པ་དགོས་ན།།
ང་ཕ་མ་གཉིས་ཀྱིས་ལོས་སྒྲུབ།།
ཁྱོད་རྒྱ་ནག་ཡུལ་ལ་འགྲོ་ན།།
ང་ཨ་ཕས་སྔོན་ནས་མི་འགོག།
དྲིན་མ་ལོས་གཞུག་ནས་མི་འཐེན།།
དངུལ་དཀར་བོའི་ཕྲ་རྒྱན་དགོས་ན།།
རྒྱ་སྟོབས་ཆེན་ལག་ནས་ངས་ཉོ།།
འཇའ་རང་ཤར་སག་ལྷམ་དགོས་རུང་།།
དར་སྣ་ལྔའི་གསེར་སྐུད་ངས་བསྒྲིག།
ཁ་ཚིག་གསུམ་གཏམ་གྱི་རྫོངས་པ།།
ང་ཕ་མ་གཉིས་ཀྱི་ལོས་བྱེད།།
གནས་རང་སྡེ་ཁྲ་མོ་བསྐྱུར་ནས།།
ས་རྒན་གྱའི་གཞུང་ལ་སོང་ན།།
ཕྱི་སྡེ་བས་བརྙས་སྨོས་བྱེད་ལ།།
ནང་ན་ཟླས་འཕྱ་སྨོད་བྱེད་ལ།།
ངའི་གཅེས་ཕྲུག་ཚེ་སྐྱིད་ལོ་ལོ།།
ཁྱོད་ཤེས་རྒྱ་ཅན་ཞིག་ཡིན་ན།།
ང་ཕ་མའི་སེམས་ཁ་མ་དཀྲུགས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息