རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼གསུམ་པ༽

创作翻唱 划过天边的情歌 第37期 2022-12-10 创建 播放:35933

介绍: ༼གསུམ་པ༽
སྡེ་གཡང་དྲུང་འདྲ་བའི་ནང་ན།།
སྤུན་ཁ་ཡ་ན་ཟླའི་རྩེ་རོགས།།
བུ་ཕོ་སར་སྨྱུག་མ་སྐྱེས་འདྲ།།
ཁ་ཚིག་འཇམ་དར་དཀར་རིང་མོ།།
ཚེ་གང་ལ་སྐྱིད་པའི་རྩེ་རོགས།།
བརྒྱ་ཡོད་ཀྱང་བཙལ་འདོད་ང་མེད།།
ངའི་འདང་ཅན་སྙིང་གི་རྩེ་རོགས།།
ས་རྒན་གྱའི་གཞུང་ན་ཡོད་ནོ།།
ཡུལ་ཕ་མས་མ་གཏོགས་མི་ཤེས།།

ངའི་རྩེ་རོགས་རྒན་གྱའི་སྐར་མ།།
ཁ་ཚུར་འཁོར་བཅོ་ལྔའ...

介绍: ༼གསུམ་པ༽
སྡེ་གཡང་དྲུང་འདྲ་བའི་ནང་ན།།
སྤུན་ཁ་ཡ་ན་ཟླའི་རྩེ་རོགས།།
བུ་ཕོ་སར་སྨྱུག་མ་སྐྱེས་འདྲ།།
ཁ་ཚིག་འཇམ་དར་དཀར་རིང་མོ།།
ཚེ་གང་ལ་སྐྱིད་པའི་རྩེ་རོགས།།
བརྒྱ་ཡོད་ཀྱང་བཙལ་འདོད་ང་མེད།།
ངའི་འདང་ཅན་སྙིང་གི་རྩེ་རོགས།།
ས་རྒན་གྱའི་གཞུང་ན་ཡོད་ནོ།།
ཡུལ་ཕ་མས་མ་གཏོགས་མི་ཤེས།།

ངའི་རྩེ་རོགས་རྒན་གྱའི་སྐར་མ།།
ཁ་ཚུར་འཁོར་བཅོ་ལྔའི་ཟླ་བ།།
ལུས་ལྷུ་དྲུག་བལ་དཀར་འཇམ་ཡག།
ཁ་ཚིག་འཇམ་རྒྱ་དར་དཀར་བོ།།
མགོ་རལ་བ་རྒྱ་ལྕང་ལོ་མ།།
མིག་ཁྲ་ཆུང་པད་མའི་ཟེའུ་འབྲུ།།
གོས་དར་ཟབ་ཟ་འོག་དགུ་སྒྲིག།
སྐེད་འཁོར་གསུམ་དགྲ་ལྷ་རང་འཁོར།།
བུ་དེ་ལ་འཛོམ་གསུམ་འཛོམས་ཡོད།།

སྐྱེས་ཕོ་ཡག་དབྱར་གསུམ་མེ་ཏོག།
མ་ངེད་ཚོ་སྦྲང་མ་རང་འཁོར།།
ཚེ་གང་གི་ལས་འབྲེལ་བཞག་ཡོད།།
རྐྱེན་ངན་པའི་བར་ཆད་མེད་ན།།
ཡུལ་ཕ་མས་བཀག་ཀྱང་མི་ཁོགས།
སྡེ་ན་ཟླས་བཟུང་རུང་མི་འདུག།
ཚེ་གང་གི་བློ་རྩེ་གཏོད་ས།།
ང་སྐྱིད་ན་ཚིག་གསུམ་བཤད་ས།།
ང་སྡུག་ན་མིག་ཆུ་འདོན་ས།།
ཇ་འོ་མས་ཁོལ་མགོ་མཆོད་ས།།
ནོར་བེའུ་ལུག་མཐའ་ནས་སྐྱོང་ས།།
ས་རྒན་གྱའི་གཞུང་ཁོག་རིང་མོ།།
ང་འདུག་ས་ལོས་ཡིན་བསམ་ཡོད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息