རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼གཉིས་པ།༽

创作翻唱 划过天边的情歌 第38期 2022-12-02 创建 播放:41015

介绍: ༼གཉིས་པ།༽ 
ས་རྒན་གྱའི་ཐང་ཆེན་ཟེར་ན།
གནམ་སྔོན་པོ་ཐང་ལ་ལྷུང་འདྲ།།
འདི་མ་ཉམས་ཁ་ཡ་ན་ཟླ།།
ཐང་ཆེན་པོ་མེ་ཏོག་བཀབ་འདྲ།
ངས་རང་ས་བསྟོད་ནི་མིན་ར།།
ས་རྒན་གྱའི་གཞུང་ཁོག་རུང་མོ།།
འདི་ཕོ་རྒྱུད་འཚངས་པ་རང་བྱོན།།
འདི་མོ་རྒྱུད་སྒྲོལ་མ་རང་བྱོན།།
ངས་རང་ཉིད་བསྟོད་ནི་མིན་ར།།
ས་རྒན་གྱའི་ན་ཆུང་བུ་མོ།།
འདི་སྐྱེས་གཟུགས་སྨྱུག་ལས་དྲང་བ།།...

介绍: ༼གཉིས་པ།༽ 
ས་རྒན་གྱའི་ཐང་ཆེན་ཟེར་ན།
གནམ་སྔོན་པོ་ཐང་ལ་ལྷུང་འདྲ།།
འདི་མ་ཉམས་ཁ་ཡ་ན་ཟླ།།
ཐང་ཆེན་པོ་མེ་ཏོག་བཀབ་འདྲ།
ངས་རང་ས་བསྟོད་ནི་མིན་ར།།
ས་རྒན་གྱའི་གཞུང་ཁོག་རུང་མོ།།
འདི་ཕོ་རྒྱུད་འཚངས་པ་རང་བྱོན།།
འདི་མོ་རྒྱུད་སྒྲོལ་མ་རང་བྱོན།།
ངས་རང་ཉིད་བསྟོད་ནི་མིན་ར།།
ས་རྒན་གྱའི་ན་ཆུང་བུ་མོ།།
འདི་སྐྱེས་གཟུགས་སྨྱུག་ལས་དྲང་བ།།
འདི་གཤིས་བརྒྱུད་དར་ལས་འཇམ་བ།།
འདི་ཡིན་རུང་རྒན་གྱའི་སྐར་མ།།
གནས་ཆུང་མ་བསམ་པ་མེད་ཁུ།།
མིག་ཁྲ་ཆུང་ལྟ་འདོད་མེད་ཁུ།།
འདི་མེད་སོ་རྩ་བ་བཤད་ན།།
ངས་ལས་དབང་དར་སྐུད་ཕྲ་མོ།།
ས་རེབ་གོང་ཁོག་ལ་འཐེན་ཡོད།།
ངའི་ཐོད་པས་རི་མོ་ཁ་ཡིག།
སྨན་ཚེ་སྐྱིད་ཕྱོགས་ལ་བྲིས་ཡོད།།
ངའི་ཚེ་སྐྱིད་ཁོག་པའི་སྙིང་ཡིན།།
ངའི་ཚེ་སྐྱིད་དཔྲལ་བའི་མིག་ཡིན།།
ངའི་ཞེ་མཐུན་ཚེ་སྐྱིད་ངའི་གཉིས།།
འདི་འགྲོགས་པའི་མཐུན་སོ་བཤད་ན།།
དགོང་ཉི་མ་ཚང་ནས་འབུད་དུས།།
ས་དྭངས་མོ་ལྗང་ལོ་གོན་དུས།།
རོགས་ངེད་གཉིས་འབྲོང་མོ་ཐོ་ཐུག།
འདི་ཉི་མ་ཉིན་བསྐོར་སུམ་བཅུ།།
འདི་ཟླ་བ་ཟླ་བསྐོར་བཅུ་གཉིས།།
ཞེ་མཐུན་པའི་སྙིང་གཏམ་བཤད་ནོ།།
རྟ་འདོ་བས་མ་གཏོགས་གོ་མེད།།
འདི་འཇིག་རྟེན་སྣང་བ་འདྲེན་ནོ།།
ལུག་ཚེར་མོ་མ་གཏོགས་བཤད་མེད།།
ས་རྒན་གྱའི་བྲག་དཀར་ཐད་ནས།།
ལྷ་ལྡེམ་མཆོག་དཔང་ལ་བཞག་ནས།།
ཚེ་འདི་ནས་མཉམ་འགྲོ་མཉམ་འདུག།
ཁྱིམ་གཅིག་ལ་དམ་བཅའ་བཞག་ཡོད།།
ཚེ་ཕྱི་མ་མཉམ་སྐྱིད་མཉམ་འགྲོགས།།
གནས་གཅིག་ལ་སྨོན་ལམ་གཏབ་ཡོད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息