རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼དང་པོ༽

创作翻唱 划过天边的情歌 第39期 2022-11-27 创建 播放:47996

介绍: ༼དང་པོ།༽
ས་དར་དཀར་འདྲ་བའི་ཐོག་ན།།
གནམ་དར་སྔོན་འདྲ་བའི་འོག་ན།།
ཆོས་མདོ་སྔགས་སྟན་པ་དར་ས།།
སྐྱིད་ལོ་ཡག་མྱུ་གུ་འཁྲུངས་ས།།
དཔལ་དགེ་བཅུ་ཚང་བའི་ས་ཆ།།
གནས་དབུས་གཙང་གཉིས་ཀྱི་ཞིང་ཁམས།།
ས་རེབ་གོང་གསེར་མོ་ལྗོངས་རེད།།

ས་འདི་ཡི་ཆགས་ཚུལ་བཤད་ན།།
ཕྱོགས་གཡས་ནས་ཨ་མེས་བྱ་ཁྱུང།།
ཤེལ་དཀར་བོའི་མཆོད་རྟེན་བཞེངས་འདྲ།།
རྫ་མཐོན་པོ་དགུང...

介绍: ༼དང་པོ།༽
ས་དར་དཀར་འདྲ་བའི་ཐོག་ན།།
གནམ་དར་སྔོན་འདྲ་བའི་འོག་ན།།
ཆོས་མདོ་སྔགས་སྟན་པ་དར་ས།།
སྐྱིད་ལོ་ཡག་མྱུ་གུ་འཁྲུངས་ས།།
དཔལ་དགེ་བཅུ་ཚང་བའི་ས་ཆ།།
གནས་དབུས་གཙང་གཉིས་ཀྱི་ཞིང་ཁམས།།
ས་རེབ་གོང་གསེར་མོ་ལྗོངས་རེད།།

ས་འདི་ཡི་ཆགས་ཚུལ་བཤད་ན།།
ཕྱོགས་གཡས་ནས་ཨ་མེས་བྱ་ཁྱུང།།
ཤེལ་དཀར་བོའི་མཆོད་རྟེན་བཞེངས་འདྲ།།
རྫ་མཐོན་པོ་དགུང་ལ་ཟུག་ཡོད།།
སྤྲིན་དཀར་པོའི་ན་བཟའ་གོན་ཡོད།།
རྫ་སྐེད་པ་ཤ་བོ་གཤར་ས།།
སྤངས་མེ་ཏོག་ནགས་ཀློང་རྒྱས་ས།།
རྫ་རྟིང་མ་ཆུ་ཕྲན་བཞུར་ས།།
ཞིང་ཆུ་མའི་བློ་རྩེ་གཏོད་ས།།
དཔེ་བཞག་ན་ཨ་མེས་བྱ་ཁྱུང།།

དེའི་གཡོན་ན་ཨ་མ་ཇོ་མོ།།
སྟག་ཤ་རས་དགྲ་ལྷ་བསྟོད་ས།
དགུང་ཨ་སྔོན་འགྱོག་གི་ཀ་བ།།
ས་དོག་མོ་ཆགས་པའི་རྟེན་ཕུར།།
སྐེད་བཟང་དྲུག་སྨན་གྱི་ལྗོན་ཤིང།།
རི་པང་འདབས་ས་རྒྱ་ཆེ་བ།།
འབྲུ་ལོ་ཡག་སྙེ་མ་རྒྱས་ས།།
དཔེ་བཞག་ན་ཨ་མ་ཇོ་མོ།

ཁ་མར་འཁོར་མར་ལ་བལྟས་ན།།
སེར་ལམ་མེ་རོང་བོ་དགོན་ཆེན།།
འཇའ་འོད་ལྔའི་གུར་ཆེན་ཕུབ་འདྲ།།
ནང་འཁོར་ན་དགེ་འདུན་བཙུན་པ།།
དགུང་ཨ་སྔོན་སྐར་ཚོགས་ཤར་འདྲ།
ཚེ་འདི་ཡི་དགེ་ལེགས་རྩ་བ།།
ཚེ་ཕྱི་མའི་ལམ་སྟོན་སྒྲོན་མེ།།
ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息