གསེར་ལུང་གཡུ་མཚོ། ༼ལྔ་བ།༽

创作翻唱 划过天边的情歌 第47期 2023-04-17 创建 播放:16290

介绍: དགུང་ཉི་མའི་སྤྲིན་ལམ་བརྒྱུད་ནས།། སེར་ལམ་མེ་ནུབ་ཕྱོགས་འགྲིམ་ན།།
ང་ཁེར་འགྲོ་འཁྱམ་པོ་ལས་དབང་།། གན་མིན་ནས་དཔེ་འཇོག་མེད་ཁུ།།
ས་རུབ་ནས་མུན་པ་གོན་དུས།། རླུང་ནག་པོས་དེས་གི་སྤྲིན་པ།།
དབང་མེད་ལ་ལྷོ་མཐའ་བཞུད་ནོ།། ང་མིན་ནས་ཆགས་འཇོག་མེད་ཁུ།།
སྐྱིད་ཉི་མ་སྐད་ཅིག་ཙམ་རེད།། དེ་ལོས་ཡིན་འཁོར་བའི་རང་གཤིས།།
སྡུག་སྨྲེང་བ་ལོ་དང་...

介绍: དགུང་ཉི་མའི་སྤྲིན་ལམ་བརྒྱུད་ནས།། སེར་ལམ་མེ་ནུབ་ཕྱོགས་འགྲིམ་ན།།
ང་ཁེར་འགྲོ་འཁྱམ་པོ་ལས་དབང་།། གན་མིན་ནས་དཔེ་འཇོག་མེད་ཁུ།།
ས་རུབ་ནས་མུན་པ་གོན་དུས།། རླུང་ནག་པོས་དེས་གི་སྤྲིན་པ།།
དབང་མེད་ལ་ལྷོ་མཐའ་བཞུད་ནོ།། ང་མིན་ནས་ཆགས་འཇོག་མེད་ཁུ།།
སྐྱིད་ཉི་མ་སྐད་ཅིག་ཙམ་རེད།། དེ་ལོས་ཡིན་འཁོར་བའི་རང་གཤིས།།
སྡུག་སྨྲེང་བ་ལོ་དང་ཟླ་རེད།། ལུས་བསོད་ནམས་ཆུང་གི་རྟགས་རེད།།
གསོན་འཇིག་རྟེན་ཁམས་ནས་བྲལ་ནོ།། འདི་བཤད་ན་མིག་ཆུའི་གཏམ་རེད།།
སྨན་བུ་མོ་གང་ཡག་གང་མཛེས།། ཕྱི་སྡེ་ལུང་མཐའ་ན་ཡོད་རུང་།།
ཆུང་ལུག་ཆུང་འཚོ་འུ་འཚོ་རོགས། ཁྱོད་མེད་ན་ཡིད་སེམས་སྟོང་བ།།
ལོ་ཞིག་གི་དཔྱིད་ཟླ་དང་བོར།། གྲོགས་བཟང་བོ་ཞིག་ལ་བརྟེན་ནས།།
བློ་ཤེས་རིག་རྒྱས་སའི་སྡིངས་ཀ།། ལས་དབང་གི་འགྲོ་རྒྱུ་བྱུང་སོང་།།
བོད་ཨ་མའི་སྐད་དང་ཡི་གེ། བསྐྱུར་མ་མྱོང་ཉིན་འབད་མཚན་འབད།།
ལོ་ཟླ་བ་རང་སྟེགས་འཁོར་འཁོར།། དུས་སྐར་མ་མེ་སྟག་འཚུབ་འཚུབ།
ལོ་གསུམ་གི་དུས་ཚོད་རྫོགས་ནས།། ཕྱི་འཁོར་ནས་རང་ཡུལ་བརྒྱུད་དུས།།
རོགས་འདང་ཆེན་གསེར་ལུང་གཡུ་མཚོ།། སྡེ་ནང་ལུང་དཞུག་གི་བསྐྱར་རེས།།
མིག་མཆུ་མའི་ཞེན་ཆགས་ཁྲོད་ནས།། གནས་བུད་སོང་ཟེར་ནས་གོ་ཐ།།
སེམས་བྲེལ་འཚུབ་ཀློང་གི་རེ་འདུན།། རྡོ་ལྗིད་མོ་ཞིག་གིས་མནན་འདྲ།།
འཛུམ་གྱི་ལེར་ཡོད་པའི་མིག་ཟུང་།། མིག་མཆུ་མས་རབ་རིབ་བཏང་ཐ།།

ཕ་ཨ་ཁུའི་ཁ་དབང་ཆེ་ཁུ།། སྨན་བུ་མོ་ལས་དབང་ཆུང་ཁུ།།
རྒྱུ་ནོམ་པ་རིན་ཐང་མཐོ་ཁུ།། གནས་མ་སོང་ཐབས་ཟིག་མེད་ཁུ།།
ལུས་གནས་ཡུལ་ཁམས་ན་ཡོད་རུང་།། ཁྱོད་མ་དྲན་ཉི་མ་གཅིག་མེད།།
ཤ་མཆིན་པའི་གསེང་གི་དྲན་སྣང་།། སྡེ་ཆེན་པོའི་མྱི་ཁ་གསང་ཡོད།།
ཁྲོམ་ཆེན་པོ་རྩེད་ར་འཚོགས་ནས།། རོགས་དྲན་པའི་སྡུག་གླུ་བླངས་ན།།
ཚེ་འདི་ནས་གསོན་བྲལ་བྱུང་བའི།། ངའི་འདང་ཆེན་རོགས་ལོ་དྲན་ཁུ།།
བྱང་རྫ་རི་མཐོན་པོ་སྐེད་ལ།། དབྱར་སྨུག་པའི་ན་བུན་འཐེན་ནས།།
སེམས་ཡ་ཆུང་གཡུ་མཚོ་ཁ་ལ།། སྨྲེང་ཆར་བ་ཤག་ཤག་འབབ་ཁུ།།
ལུས་ལྷུ་དྲུག་སྨྱུག་མ་འདྲ་བོ།། སྡུག་དྲན་པ་ནག་པོས་གོས་ཡོད།།
ཆུང་དཀར་ལ་དམར་བའི་ངོ་གདོང་།།མིག་མཆུ་མས་བཞུར་ལམ་བཏོད།།
གནས་མི་རྟགས་འཁོར་བའི་གྲོང་ནས།། སྨན་བུ་མོ་ལས་དབང་གཅིག་ཡིན།།
ཚེ་འདི་ནས་ཐོབ་པ་མེད་རུང་།། སྡུག་དྲན་པ་མི་ཚེ་གང་ཡིན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息