རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད། ༼བཅུ་གཉིས།༽

创作翻唱 划过天边的情歌 第28期 2022-12-29 创建 播放:26500

介绍: ༼བཅུ་གཉིས།༽
རོགས་ཡིད་གཞུང་ཅན་གྱི་དགའ་ལོ།།
བསྒུགས་བསྒུགས་ནས་ཐུག་ནོ་དེ་རིང།།
དྲན་དྲན་ནས་རིག་ནོ་དེ་རིང།།
ངོ་ཐུག་ན་ཡིད་སེམས་དུངས་ཁུ།།
གཅིག་ལོས་དུངས་ཆུང་འདྲེས་རོགས་རེད།།
སེམས་དུངས་རུང་བར་ཆད་ཆེ་ཁུ།།
དྲིན་ཕ་མ་ཁ་ཆེ་དབང་ཆེ།།
ང་བུ་མོ་ཁ་ཆུང་དབང་ཆུང་།།
ཕྱི་སྡེ་བས་སྡེ་བཙོག་དགྲ་རེད།།
དགྲ་བྱུང་ན་བར་ཆད་ཆེ་ཁུ།།
ང་རྫ་ལུང་ཡུ་མོ...

介绍: ༼བཅུ་གཉིས།༽
རོགས་ཡིད་གཞུང་ཅན་གྱི་དགའ་ལོ།།
བསྒུགས་བསྒུགས་ནས་ཐུག་ནོ་དེ་རིང།།
དྲན་དྲན་ནས་རིག་ནོ་དེ་རིང།།
ངོ་ཐུག་ན་ཡིད་སེམས་དུངས་ཁུ།།
གཅིག་ལོས་དུངས་ཆུང་འདྲེས་རོགས་རེད།།
སེམས་དུངས་རུང་བར་ཆད་ཆེ་ཁུ།།
དྲིན་ཕ་མ་ཁ་ཆེ་དབང་ཆེ།།
ང་བུ་མོ་ཁ་ཆུང་དབང་ཆུང་།།
ཕྱི་སྡེ་བས་སྡེ་བཙོག་དགྲ་རེད།།
དགྲ་བྱུང་ན་བར་ཆད་ཆེ་ཁུ།།
ང་རྫ་ལུང་ཡུ་མོ་འཛུམ་ཡག།
ཁྱི་རྔོན་པ་གཉིས་ཀྱི་ར་མདའ།།
ང་གཉོམ་ཆུང་བཅོ་ལྔའི་བུ་མོ།།
སྐྱིད་ཆེ་རུང་ཕ་མ་བཙན་ཁུ།།
འདང་རྒྱབ་ན་ཕ་མ་ལོས་བཙན།།
ཁྱིམ་ཁེར་སྐྱེས་བུ་མོ་ང་རེད།།
ས་གང་སྐྱིད་ཅིག་ལ་བསམ་ཡོད།།
ཡང་བསམ་ན་ཕ་མ་གླེན་པ།།
ང་སྐྱིད་ན་བཙལ་ནོ་ཁྱོད་རེད།།
ང་སྡུག་ན་རྙེད་ནོ་ཁྱོད་རེད།།
སེམས་ཁོ་ཐག་བཅད་པའི་མདུད་པ།།
སྤུན་ཁ་ཡ་ན་ཟླ་ཕར་ཞོག།
ཡུལ་ཕ་མ་ཡིན་རུང་མི་ཁྲོལ།།
ང་བུ་མོ་བཀག་ཀྱང་མི་འདུག།
གཏམ་རྣ་སྡུག་ཤ་བོའི་རྭ་རེད།།
རྭ་ཡིན་རུང་ཕྲག་ལ་ངས་ཁུར།།
ལག་དབྱུག་པ་སྨྱུག་མ་མདའ་རེད།།
མདའ་ཡིན་རུང་ཤ་སྐྱིའི་བར་རེད།།
རོགས་འུ་ཚོར་ལས་དབང་མེད་ན།།
ང་འཇིག་རྟེན་ཁམས་ནས་མི་འདུག།
འདུག་དགོས་རུང་སྐྱ་ཡ་མི་བཙལ།།
ཟླ་གཞུག་མའི་ཚེས་ཆེན་བཅོ་ལྔ།།
མ་ང་ཚོ་ལེན་དུ་ཤོག་དང་།།
སྤང་མེ་ཏོག་སེ་ཆེན་ཁུག་ནས།།
སྐྲ་ལན་བུའི་བར་ནས་ངས་བལྟ།།
ཕྱི་འཁོར་ནས་ཡོང་རག་བར་ལ།།
སྡེ་གཉིས་ཀ་ནང་འཁྲུགས་བྱུང་ན།།
ཀི་གཏབ་ནས་སྔོན་ལ་མ་རྒྱུག།
སྲོག་དམར་བོའི་ཉེན་ཁ་ཁྱོད་ཆེ།།
དཔའ་ཞུམ་ནས་གཞུག་ནས་མ་འདུག།
སྤུན་ན་ཟླས་སྙིང་ཁྲེལ་གཏོང་ང།།
ངོ་ཕྱིར་ལ་ཐུག་གི་བར་ལ།།
རོགས་འདང་ཅན་དགའ་ལོ་བདེ་མོ།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息