རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད།   ༼དགུ་བ།༽

创作翻唱 划过天边的情歌 第31期 2022-12-28 创建 播放:26660

介绍: ༼དགུ་བ།༽
ངའི་ཡ་ཆུང་གངས་དཀར་སེམས་ལ།།
སྡུག་མུན་པས་སྨུག་པ་འཐིབས་ཐལ།།
མིག་གཟུ་ཆུང་ཁྲ་མོའི་ནང་ལ།།
ཆར་མཆི་མས་མཚོ་མོ་འཁྱིལ་ཐལ།།
ངའི་དྲིན་ཆེན་ཕ་ལོ་མོ།།
ངའི་ཁོག་གི་སྡུག་བསྔལ་མི་ཤེས།།
དྲིན་ཕ་མ་སེམས་ཞིག་ཡོད་ན།།
ང་བུ་མོ་འདང་ཞིག་ལོས་ཡོད།།
སྤྱིར་ཕ་མས་ཅི་གསུང་ཆོས་ཡིན།།
མགོན་ཕ་མས་ཅི་དྲན་དགེ་ཡིན།།
དེ་ཡིན་རུང་འཇིག་རྟེན་སྣང་བ།།...

介绍: ༼དགུ་བ།༽
ངའི་ཡ་ཆུང་གངས་དཀར་སེམས་ལ།།
སྡུག་མུན་པས་སྨུག་པ་འཐིབས་ཐལ།།
མིག་གཟུ་ཆུང་ཁྲ་མོའི་ནང་ལ།།
ཆར་མཆི་མས་མཚོ་མོ་འཁྱིལ་ཐལ།།
ངའི་དྲིན་ཆེན་ཕ་ལོ་མོ།།
ངའི་ཁོག་གི་སྡུག་བསྔལ་མི་ཤེས།།
དྲིན་ཕ་མ་སེམས་ཞིག་ཡོད་ན།།
ང་བུ་མོ་འདང་ཞིག་ལོས་ཡོད།།
སྤྱིར་ཕ་མས་ཅི་གསུང་ཆོས་ཡིན།།
མགོན་ཕ་མས་ཅི་དྲན་དགེ་ཡིན།།
དེ་ཡིན་རུང་འཇིག་རྟེན་སྣང་བ།།

ངའི་འདོད་པ་ཐང་དཀར་རྒོད་པོ།།
རླུང་སྤུ་གྲིས་བཀག་ཀྱང་མི་ཁོགས།།
ངའི་བསམ་དོན་ཆུ་མིག་རང་བརྡོལ།།
རི་ཆེན་པོས་བནན་ཀྱང་མི་ཁོགས།།
ཕོ་སྐྱེས་ཡག་རྒན་གྱའི་སྐར་མ།།
ངའི་ཕྱོགས་ལ་དཀྲིས་གསུམ་རྒྱོབ་དང་།།
ཡུལ་ཕ་མའི་གསུང་ལ་ཉན་ན།
ས་རྒན་གྱའི་གཞུང་ཁོག་མ་དགོས།།
རོགས་འུ་གཉིས་ཐུག་རྒྱུ་དཀའ་ཁུ།།
ཕོ་བསམ་པ་ཅན་ཞིག་ཡིན་ན།།
ས་རྒན་གྱའི་གཞུང་ལ་ཁྲིད་རོགས།།
ཟླ་བཞི་བའི་ཟླ་དཀྱིལ་ཞིག་ལ།།
ནགས་རྒྱ་ལྕང་ལོ་མའི་མགོ་ནས།།
སིང་དིར་རེ་ཁུ་བྱུག་གྲག་ཁུ།།
བྱ་གན་ཚོའི་སྐད་ལ་ཉན་ན།།
རོགས་ཐུག་གི་གསུང་སྙན་ལོས་ཡིན།།
སྟོད་ཁིས་ཆེན་ཉག་གའི་བར་ནས།།
སྙན་ལྷང་ངེ་གླིང་བུ་འབུད་ཁུ།།
ཤིང་གླིང་བུ་འི་སྐད་ལ་ཉན་ན།།
རོགས་འདང་ཆེན་ཞིག་གི་བརྡ་རེད།།
ལུག་གཡང་དཀར་གཡས་ནས་བསྐྱུར་སྟེ།།
སྤང་མེ་ཏོག་ལོ་མའི་བར་ནས།།
ཕྱོགས་དེ་ལ་ཞིབ་ལྟ་བྱས་ན།།
རྟ་རག་རག་མཆོང་གི་ཁ་མདོག།
སྒ་འོད་ཆེན་ཉི་ཟླ་ཁ་སྤྲོད།།
ཡོབ་གོར་མོ་གཡུ་འབྲུག་རང་འཁྱིལ།།
རྡུལ་སྨུག་པ་སྤྲིན་དཀར་འདྲ་ཞིག།
ངའི་ཕྱོགས་ལ་འཐེན་ནས་ཡོང་ཐལ།།
སྤང་ཨ་ལོང་མེ་ལོང་ཁུགས་ནས།།
རོགས་འདང་ཆེན་རྒན་གྱའི་སྐར་མས།།
ང་ཟེར་ནས་ལན་གསུམ་འབོད་ཁུ།།
རྟ་རག་རག་གོམ་པ་ཁྱེར་ནས།།
ངའི་ཕྱོགས་ལ་བརྒྱུགས་ནས་ཡོང་ཐལ།།
ངའི་ཡ་ཆུང་གངས་སཀར་སེམས་ནས།།
སྡུག་མུན་པ་གཉིས་ཀ་སངས་ཐལ།།
ཕོ་ཁོ་ཚོ་རིག་ན་ལོས་དུངས།།
རྟ་འདོ་བ་རིག་ན་དུངས་ཁུ།།
སྐྲ་ལན་བུ་རུམ་ལ་བཅུག་ནས།།
རོགས་ཆུང་ལོའི་རྩུབ་ལ་རྒྱུག་ནི།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息