Rebod呐喊

བོད་པའི་རོལ་དབྱངས་ངོ་སྤྲོད་དང་འོས་སྦྱོར།推荐和介绍藏族的音乐

关注

སློབ་བུ་ཚོ་ལ་སྐུར་བའི་ཡི་གེ

2017-09-09 00:29阅读:4420བོད་པའི་རོལ་དབྱངས།藏族音乐

      ཟླ་དགུ་བ། སློབ་གྲྭ་ཚོགས་འགོ་ཚུགས་ཀྱི་དུས་ལ་སླེབས་ཡོད་པས།སློབ་བུ་ཚོ་རང་གི་མ་འོངས་པའི་ཆེད་དུ་ཕྱོགས་མཚམས་བརྒྱད་ལ་འགྲོ་དགོས། འདི་ནི་ཕ་མ་དང་ཕ་ཡུལ་ལ་ཁ་བྲལ་བའི་དུས་ཡིན།འདི་ནི་སློབ་གྲོགས་རྙིང་ལ་བྲལ་ནས་སློབ་གྲོགས་གསར་པ་དང་གཤིབས་(འགྲོགས་པའམ་རོལ་དང་དོན་འདྲ།)བའི་དུས་ཡིན།

མཐོ་གཅིག་གམ་དམའ་གཅིག སློབ་ཆེན་པ་གསར་པ་ཚོས་རང་གི་ལམ་ཆས་སྒམ(行李箱)དེ་དྲུད་ནས་སློབ་གྲྭ་གསར་བའི་སྒོ་ཁ་ལ་སླེབས་ཡོད།རང་གི་རིག་གནས་དེ་གང་འཕེལ་གཏོང་བའི་རྐྱེན་གྱིས་ས་འདི་ལ་སླེབས་ཡོད།འདི་ནི་ཆེས་བཟང་བའི་དོན་ཞིག་རེད་ཡ།

ཡིན་ནའང་།ད་ལོ་ན་ནིང་གི་བོད་ཀྱི་གཅེས་ཕྲུག་ཚོས་རང་གི་ཕ་ཡུལ་བྲལ་རྗེས་རང་གི་ཕ་སྐད་བརྗེད་ཚར་འདུག རང་གི་སྒེར་སེམས་མ་གཏོགས་མི་རིགས་ཀྱི་འདུ་ཤེས་(意识)ཡོད་མཁན་རྒྱ་མཚོ་ནང་གི་ཁབ་ལྟར་རེད་འདུག མི་རིགས་འདི་ཇི་འདྲ་རེད་ན་ང་དང་འབྲེལ་བ་མེད་བསམ་མཁན་དུ་ཡོད་པ་ངས་རྩིས་མི་ཐུབ།

གཞན་ཡུལ་ནས་སློབ་མཐར་ཕྱིན་རྗེས་རང་གི་ཕ་ཡུལ་འཛུགས་བསྐྲན་བྱེད་རྒྱུ་ཕར་བཞག གཞན་ཡུལ་གྱི་སྐྱོན་དང་གཞན་སྐད་དག་དག་ཁྱེར་ནས་སླེབས་འདུག མི་རབས་རྗེས་མ་དེ་ཚོ་ལ་གཏོར་བརླག་བྱེད་མ་བསམ་ནའང་དུས་རྒྱུན་དུ་རང་གི་སེམས་མེད་སྐབས་བརླག་བཞིན་ཡོད།ང་ཚོ་ནི་ཁོ་ཚོའི་མིག་དཔེའམ་དཔེ་ལྟ་ས་ཡིན་པས།ཁོ་ཚོས་ང་ཚོ་ལ་སློབ་བཞིན་ཡོད།

ALALAMO

索扎 尖参(Jason j )

下载

དེ་ནས་ད་ལྟའི་སློབ་བུ་གསར་པ་ཚོ།ངའི་རེ་བ་ནི་ཁྱོད་ཚོ་རང་གི་ཕ་ཡུལ་བྲལ་ཡང་།རང་གི་ཕ་ཡུལ་མ་བརྗེད།རང་གི་ཆེད་ལས(专业)བོད་སྐད་ཡིག་མིན་ནའང་ཁོམ་པ་ཡོད་དུས་རང་མི་རིགས་ཀྱི་སྐད་ཡིག་ལ་ལྟ་རོགས་ཞུ།མི་རིགས་ལ་འགན་ཞིག་ཁུར་རོགས།མི་རིགས་འདི་ལ་འཕེལ་རྒྱས་གཏོང་མ་ཐུབ་ནའང་མ་བརླག་རོགས།

ps:对于那些小时候就没有学过藏文的藏族大学生们,大学有空了,去学学自己的母语吧,不要问我为什么,因为那是你的根。小时候父母没有给你学习母语的环境,那是他们的错,现在,不学藏语,就是你的错了。

最后把下面这首歌献给大家

འོག་གི་གླུ་གཞས་འདི་ཁྱོད་ཚོ་ལ་ཕུལ་བ་ཡིན།

སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་ཡིན།

གལ་ཏེ་ཁྱོད་ནི་ཕ་སྐད་མ་ཡིག་བཀོལ་བཞིན་ཡོད་པའི་ལ་རྒྱ་ཅན་ཡིན་ན།རོགས་པའམ་གྲོགས་པོ་ཚོ་ལ་ངའི་རེ་འབོད་འདི་བརྒྱུད་སྐུར་དང་ཁྱོད་ཡང་ང་ལྟར་མི་རིགས་འདི་སྲུང་བའི་"རིགས་སྲུང་དམག"གྲལ་དུ་ཞུགས་ཤོག

Rebod呐喊

བོད་པའི་རོལ་དབྱངས་ངོ་སྤྲོད་དང་འོས་སྦྱོར།推荐和介绍藏族的音乐

关注

往期回顾

查看更多 >
  • 音乐开放平台
  • 云村交易所
  • Amped Studio
  • X StudioAI歌手
  • 用户认证
  • 音乐交易平台
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com 客服热线:95163298

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  工业和信息化部备案管理系统网站

网易公司版权所有©1997-2024杭州乐读科技有限公司运营:浙网文[2021] 1186-054号 浙公网安备 33010802013307号 算法服务公示信息