ང་དང་ཁུ་བྱུག

创作翻唱 藏族歌曲 第481期 2017-11-12 创建 播放:165092

介绍: ང་དང་ཁུ་བྱུག

ཚིག རྡོ་བསྟན་པ་དར་རྒྱས་།
དབྱངས། བདུད་བྷེ།
ལེན་མཁན། དཔལ་ཡུལ་བཀྲ་ཤིས།

རི་མགོའི་ལབ་ཙེ་ཆུང་ཆུང་།

ལབ་ཙེ་ལུག་བརྒྱའི་བདག་པོ།

ལུག་རྫི་ཕྱིང་དཀར་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རི་རྐེད་བསང་ཁྲི་ཆུང་ཆུང་།

བསང་ཁྲི་རྟ་བརྒྱའི་བདག་པོ།

རྟ་རྫའི་སྒ་སྲབ་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རྟ་རྫ...

介绍: ང་དང་ཁུ་བྱུག

ཚིག རྡོ་བསྟན་པ་དར་རྒྱས་།
དབྱངས། བདུད་བྷེ།
ལེན་མཁན། དཔལ་ཡུལ་བཀྲ་ཤིས།

རི་མགོའི་ལབ་ཙེ་ཆུང་ཆུང་།

ལབ་ཙེ་ལུག་བརྒྱའི་བདག་པོ།

ལུག་རྫི་ཕྱིང་དཀར་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རི་རྐེད་བསང་ཁྲི་ཆུང་ཆུང་།

བསང་ཁྲི་རྟ་བརྒྱའི་བདག་པོ།

རྟ་རྫའི་སྒ་སྲབ་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རྟ་རྫའི་སྒ་སྲབ་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

རི་འདབས་གཙང་བོ་ཆུང་ཆུང་།

གཙང་བོ་འབྲི་བརྒྱའི་བདག་པོ།

བུ་མོ་གསེར་ཟུང་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

བུ་མོ་གསེར་ཟུང་གསུམ་འཛོམས།

གཡང་གསུམ་འཛོམས་པའི་བཀྲ་ཤིས།

ཕར་ཕྱོགས་རྒྱ་རྫོང་ནགས་ནས། །

གེ་གོ་གེ་གོ་གསུང་གི། །

རྣ་བ་བླགས་ནས་གསན་པས། །

དཔྱིད་ཀྱི་ཕོ་ཉ་ཡིན་འདུག །

རྣ་བ་བླགས་ནས་གསན་པས། །

དཔྱིད་ཀྱི་ཕོ་ཉ་ཡིན་འདུག །

ཕར་ཕྱོགས་རྒྱ་རྫོང་ནགས་ནས། །

གེ་གོ་གེ་གོ་གསུང་གི། །

རྣ་བ་བླགས་ནས་གསན་པས། །

དཔྱིད་ཀྱི་ཕོ་ཉ་ཡིན་འདུག །

གསུང་སྙན་སྒྲོགས་དང་ཞུས་པས།

གེ་གོ་གེ་གོ་གསུང་བྱུང་། །

བྱིའུ་ཆུང་འཇོལ་མོ་ང་རང་། །

དགའ་བའི་དཔལ་གྱིས་བཟི་སོང་། །

བྱིའུ་ཆུང་འཇོལ་མོ་ང་རང་། །

དགའ་བའི་དཔལ་གྱིས་བཟི་སོང་། །

ང་དང་ཁུ་བྱུག་གཉིས་ཀ །

ཁ་བ་ཅན་ལ་སླེབས་སོང་། །

ཨེ་མ་འདི་གའི་ཡུལ་ལྗོངས། །

མཐོ་རིས་ལྷ་ལས་མཛེས་པ། །

ཨེ་མ་ཡུལ་ལྗོངས་མཛེས་པ། །

བཀྲ་ཤིས་རྟགས་བརྒྱད་ཚང་འདུག །

ཤར་གྱི་དགའ་གདོང་འོག་མ། །

རྒྱ་སྟག་སྐྱ་བོ་འགྱིགས་འདྲ། །

ཤར་གྱི་དགའ་གདོང་འོག་མ། །

རྒྱ་སྟག་སྐྱ་བོ་འགྱིགས་འདྲ། །

མཁའ་ལ་ཉི་མ་གསལ་བས། །

འཕུར་ལམ་སྔར་ལས་ཡངས་ཤིང་། །

ས་ལ་མེ་ཏོག་མཛེས་པས། །

སྣང་བ་སྔར་ལས་སྐྱིད་བྱུང་། །

ལྷོ་ཡི་སྐྱིད་ཆུ་སྔོན་མོ། །

གཡུ་འབྲུག་འཁྱུག་དང་མཚུངས་པ། །

ནུབ་ཀྱི་བྲག་དམར་རྟ་གདོང་། །

ལྷ་བྱ་དམར་པོ་འཕུར་འདྲ། །

ནུབ་ཀྱི་བྲག་དམར་རྟ་གདོང་། །

ལྷ་བྱ་དམར་པོ་འཕུར་འདྲ། །

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息