ཡར་ཀླུང་བུ་མོ།

创作翻唱 藏族歌曲 第599期 2016-05-12 创建 播放:170202

介绍: 《ཡར་ཀླུང་གཞུང་གི་བུ་མོ》

གླུ་བ:ཀ་རྨ་བཀྲ་ཤིས།

དབུ་སྐྲ་ནག་པོའི་ལན་བུ་རིང་པོའི་སྟེང་།

སྐྲ་ཤུག་ལྗང་ཁུས་ལང་ཚོ་རྒྱས་པའི།

ཡར་ཀླུང་གཞུང་གི་བུ་མོའི་ཞལ་རས།

མེ་ཏོག་པད་མ་ལས་ཀྱང་མཛེས་པ།

སྣམ་བུའ་ཕྱུག་པ་དྲོ་ཞིང་འཇམ་པའི་སྟེང་།

པང་བདན་འཇའ་ཡི་ལང་ཚོ་རྒྱས་པའི།

ཡར་ཀླུང་གཞུང་གི་བུ་མོའི་ཟུག་ཕྱད།

ཙ་རི་སྨྱུག་མ་ལས་ཀྱང་མཛེས...

介绍: 《ཡར་ཀླུང་གཞུང་གི་བུ་མོ》

གླུ་བ:ཀ་རྨ་བཀྲ་ཤིས།

དབུ་སྐྲ་ནག་པོའི་ལན་བུ་རིང་པོའི་སྟེང་།

སྐྲ་ཤུག་ལྗང་ཁུས་ལང་ཚོ་རྒྱས་པའི།

ཡར་ཀླུང་གཞུང་གི་བུ་མོའི་ཞལ་རས།

མེ་ཏོག་པད་མ་ལས་ཀྱང་མཛེས་པ།

སྣམ་བུའ་ཕྱུག་པ་དྲོ་ཞིང་འཇམ་པའི་སྟེང་།

པང་བདན་འཇའ་ཡི་ལང་ཚོ་རྒྱས་པའི།

ཡར་ཀླུང་གཞུང་གི་བུ་མོའི་ཟུག་ཕྱད།

ཙ་རི་སྨྱུག་མ་ལས་ཀྱང་མཛེས་པ།

ཨོའོ་ཧོ་ཧོ་་་་་བུ་མོ་ལགས།

ཡིད་དབང་ལ་འཕྲོག་པའི་བུ་མོ།

ཨོའོ་ཧོ་ཧོ་་་་་བུ་མོ་ལགས།

མཛེས་སྡུག་ལ་ལྡན་པའི་བུ་མོ།

ཡར་ཀླུང་གཞུང་གི་བུ་མོ།

མི་རྣམས་ཡིད་དབང་འཕྲོག་པའི་བུ་མོ།

ས་ཕྱོགས་གང་དུ་སླེབས་ཀྱང་ཡིད་ནས་བརྗེད་ས་མ་རེད།

ཉིན་མཚན་མེད་པར་དཀའ་བའི་ལས་ལ་གཞོལ།

ཡབ་ཡུམ་གཉིས་ཀྱི་ཕྱག་དང་ཞབས་ཕྱི་མཁས།

ཡར་ཀླུང་གཞུང་གི་བུ་མོའི་ཐུགས་སེམས།

ཡ་ལ་ཞམ་པོའི་གངས་རི་དཀར་པོ་འདྲ།

མཛུམ་མདངས་འཚེར་འཚེར་རྣམ་འགྱུར་ལེགས་པའི་སྟེང་།

གསུང་སྐད་བྱིའུ་ཆུང་འཇོལ་མོའི་མགྲིན་འགྱུར་འདྲ།

ཡར་ཀླུང་གཞུང་གི་བུ་མོའི་ངང་རྒྱུད།

ཡར་ཀླུང་གཙང་པོའི་ཆུ་མོ་སྔོན་མོ་འདྲ།

ཨོའོ་ཧོ་ཧོ་་་་་བུ་མོ་ལགས།

ཡིད་དབང་ལ་འཕྲོག་པའི་བུ་མོ་ལགས།

ཨོའོ་ཧོ་ཧོ་་་་་བུ་མོ་ལགས།

མཛེས་སྡུག་ལ་ལྡན་པའི་བུ་མོ།

ཡར་ཀླུང་གཞུང་གི་བུ་མོ།

མི་རྣམས་ཡིད་དབང་འཕྲོག་པའི་བུ་མོ།

ས་ཕྱོགས་གང་དུ་སླེབས་ཀྱང་ཡིད་ནས་བརྗེད་ས་མ་རེད།

ཡིད་ནས་བརྗེད་ས་མ་རེད།

ཡིད་ནས་བརྗེད་ས་མ་རེད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息