སྒྲོན་མེ། ནོར་བུ་བསམ་གྲུབ།

创作翻唱 藏族歌曲 第480期 2017-09-10 创建 播放:244190

介绍: སྒྲོན་མེ།

ལེན་མཁན། ནོར་བུ་བསམ་གྲུབ།

མུན་ནག་དཀྱིལ་ནས་ཁྱེད་དང་འཕྲད།

ཤེས་རིག་གི་སྒྲོན་མེ་ང་ལ་འབྱིན།

ཕ་མ་འདྲ་བའི་བྱམས་སྐྱོང་དང་།

བརྩེ་བསྐུར་ཡོད་ཚད་ང་ཚོར་བཅངས།

དགེ་བའི་བཤེས་གཉེན་མཆོག་སུ་གླུ་དེ་ལེན།

སྨག་རུམ་ཁྲོད་ནས་ཁྱེད་ཀྱི་མཐེན།

མི་ཚེའི་མདུན་ལམ་དེ་ལ་འོད་སྣང་འབྱིན།

ལང་ཚོ་དར་བའི་ཕྲུ་གུ་ལམ་ནོར་ཐེབས་པའི་སེམས་...

介绍: སྒྲོན་མེ།

ལེན་མཁན། ནོར་བུ་བསམ་གྲུབ།

མུན་ནག་དཀྱིལ་ནས་ཁྱེད་དང་འཕྲད།

ཤེས་རིག་གི་སྒྲོན་མེ་ང་ལ་འབྱིན།

ཕ་མ་འདྲ་བའི་བྱམས་སྐྱོང་དང་།

བརྩེ་བསྐུར་ཡོད་ཚད་ང་ཚོར་བཅངས།

དགེ་བའི་བཤེས་གཉེན་མཆོག་སུ་གླུ་དེ་ལེན།

སྨག་རུམ་ཁྲོད་ནས་ཁྱེད་ཀྱི་མཐེན།

མི་ཚེའི་མདུན་ལམ་དེ་ལ་འོད་སྣང་འབྱིན།

ལང་ཚོ་དར་བའི་ཕྲུ་གུ་ལམ་ནོར་ཐེབས་པའི་སེམས་འཁྲལ་བྱེད།

དགེ་བའི་བཤེས་གཉེན་མཆོག་སུ་གླུ་དེ་ལེན།

བཀའ་དྲིན་ཆེ་བྱུང་ང་ཡི་རྒན་ལགས་རྣམས།

བྱམས་སྐྱོང་དེ་བུ་ངའི་སེམས་ནང་དྲོ།

དུས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

དགེ་བའི་བཤེས་གཉེན་སྐུ་ཚེ་ཡུལ་རིང་གནས།

ད་ཆ་མི་ཚེ་ལམ་བུའི་སྟེང་།

བུ་ང་ཡི་གཤོག་རྩལ་ངོམས་ནས་ནམ་འཕངས་བཅད།

སྐུ་ལུས་ཚིག་པའི་སྒྲོན་མེ་ལགས།

ཁྱེད་ཀྱི་བཀའ་སློབ་སེམས་གཏིང་ངེས།

ང་ཡི་བཤེས་གཉེན་མཆོག་སུ་གླུ་དེ་ལེན།

རང་སྲོག་སྲེག་ནས་གཞན་ལ་འོད་སྣང་འབྱིན།

རླབས་ཆེན་གྱི་དགེ་བའི་བཤེས་གཉེན་ལགས།

ཁྱེད་ཚོའི་འོད་སྣང་ས་ཆ་གང་སར་ཁྱབ།

དགེ་བའི་བཤེས་གཉེན་སྐུ་ཚེ་ཡུན་རིང་སྨོན།

བཀའ་དྲིན་ཆེ་བྱུང་ང་ཡི་རྒན་ལགས་རྣམས།

བྱམས་སྐྱོང་དེ་ཉི་མའི་འོད་ཟེར་འདྲ།

དུས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

དགེ་བའི་བཤེས་གཉེན་སྐུ་ཚེ་ཡུལ་རིང་གནས།

ང་ཡི་དགེ་བའི་བཤེས་གཉེན་སྐུ་ཚེ་ཡུལ་རིང་སྨོན།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息