འཇིག་རྟེན་སྟེང་གི་ཨ་མ

创作翻唱 藏族歌曲 第419期 2017-06-20 创建 播放:82301

介绍: འཇིག་རྟེན་སྟེང་གི་ཨ་མ།

ཚིག ཤེས་རབ་གཅོད་པ།
དབྱངས། འབྲོག་སེང་སྐལ་བྷེ།
ལེན་མཁན། ཕག་མོ་བདེ་སྐྱིད།

དཀའ་སྡུག་གི་བཞུད་ལམ་ཞིག་ན།

བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་ཡོད།

དེ་ཡི་མིང་ལ་དྲིན་ཆེན་ཨ་མ་ཟེར།

ལྷ་དང་ཀླུ་ལ་འཐིམས་ཤིང་།

གངས་དང་རླུང་གིས་ཟད་པས།

འཇིག་རྟེན་སྟེང་གི་ཨ་མ།

མིག་ཆུའི་ཀློང་ན་དུས་ཀྱི་རྨ་ཁ་ཡོད།

སེམས་ཀྱི་སྟེང་...

介绍: འཇིག་རྟེན་སྟེང་གི་ཨ་མ།

ཚིག ཤེས་རབ་གཅོད་པ།
དབྱངས། འབྲོག་སེང་སྐལ་བྷེ།
ལེན་མཁན། ཕག་མོ་བདེ་སྐྱིད།

དཀའ་སྡུག་གི་བཞུད་ལམ་ཞིག་ན།

བདེ་སྐྱིད་ཀྱི་དྲོད་ཁོལ་ཞིག་ཡོད།

དེ་ཡི་མིང་ལ་དྲིན་ཆེན་ཨ་མ་ཟེར།

ལྷ་དང་ཀླུ་ལ་འཐིམས་ཤིང་།

གངས་དང་རླུང་གིས་ཟད་པས།

འཇིག་རྟེན་སྟེང་གི་ཨ་མ།

མིག་ཆུའི་ཀློང་ན་དུས་ཀྱི་རྨ་ཁ་ཡོད།

སེམས་ཀྱི་སྟེང་ན་དེ་ཡི་ན་ཟུག་སྦས།

ཨ་མ་ལགས་ཨ་མ་་་་

བགད་མྱོང་ལ་ངུས་མྱོང་བའི་ཁྱེད་ཀྱི་མི་ཚེ་བརྒྱུད་རིམ།

དབྱངས་ལ་བཀུག་ཚེ་ཚིག་གི་བརྗོད་བྱ་མཆི་མས་བརླན་འགྲོ།

ཚིག་ལ་བྲིས་ཚེ་ཤོག་བུའི་འཇིག་རྟེན་སྐྱོ་བའི་ཟགས་བྱུང་།

འཇིག་རྟེན་སྟེང་གི་ཨ་མ།

་་ ་་ ་་ ་་

ཉི་ཟླ་དང་ཉེ་ས་དེ་ན།

འོད་སྣང་གི་བཀའ་བརྡ་ཞིག་ཡོད།

དེ་ཡི་མིང་ལ་དྲིན་ཆེན་ཨ་མ་ཟེར།

རི་དང་གཙང་བོར་འཐིམས་ཤིང་།

བྱམས་དང་སྙིང་རྗེའི་བདག་ཉིད།

འཇིག་རྟེན་སྟེང་གི་ཨ་མ།

མིག་ཆུའི་ཀློང་ན་དུས་ཀྱི་རྨ་ཁ་ཡོད།

སེམས་ཀྱི་སྟེང་ན་དེ་ཡི་ན་ཟུག་སྦས།

ཨ་མ་ལགས་ཨ་མ་་་

དར་མྱོང་ལ་རྒུད་མྱོང་བའི་ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ།

གླུ་རུ་བླངས་ཚེ་ངག་གི་དབྱངས་རྟ་མཆི་མས་བརླན་འགྲོ།

ཚིག་ལ་བྲིས་ཚེ་སྨྱུག་འོག་འཇིག་རྟེན་སྐྱོ་བའི་ཟགས་འགྲོ།

འཇིག་རྟེན་སྟེང་གི་ཨ་མ།

་་ ་་ ་་ ་་

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息