ཨ་མ གནམ་མཚོ

创作翻唱 藏族歌曲 第413期 2017-06-20 创建 播放:82142

介绍: 《ཨ་མ》

ཚིག:པད་མ་དོན་གྲུབ
དབྱངས:དམངས་གཞས
ལེན་མཁན:གནམ་མཚོ

ཞོགས་པའི་སྐྱ་རེངས་དང་འགྲོགས་ནས།

བརྩེ་སེམས་དྲོད་ཁོལ་དུ་བརྒྱུས་ཏེ།

མི་སེམས་བྱམས་བརྩེ་ལ་འཚོ་བའི།

བུ་ཕྲུག་ཡིད་སེམས་ཀྱི་མཚོ་མོར།

ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།

དྲིན་ཆེན་ཨ་མ་ཡིན།

ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།

དྲིན་ཆེན་ཨ་མ་ཡིན།

སྦྲ་ནག་ཁ་ཚུབ་ཀྱི་བར...

介绍: 《ཨ་མ》

ཚིག:པད་མ་དོན་གྲུབ
དབྱངས:དམངས་གཞས
ལེན་མཁན:གནམ་མཚོ

ཞོགས་པའི་སྐྱ་རེངས་དང་འགྲོགས་ནས།

བརྩེ་སེམས་དྲོད་ཁོལ་དུ་བརྒྱུས་ཏེ།

མི་སེམས་བྱམས་བརྩེ་ལ་འཚོ་བའི།

བུ་ཕྲུག་ཡིད་སེམས་ཀྱི་མཚོ་མོར།

ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།

དྲིན་ཆེན་ཨ་མ་ཡིན།

ཁྱིམ་སྐྱིད་སྣང་བ་དེ་སྟེར་མཁན།

དྲིན་ཆེན་ཨ་མ་ཡིན།

སྦྲ་ནག་ཁ་ཚུབ་ཀྱི་བར་ནས།

ནམ་ལངས་བཞོ་དབྱངས་སུ་གྱེར་ཏེ།

ལག་ཟུང་སྨོན་འདུན་ལ་འཚོ་བའི།

གཅེས་ཕྲུག་ཡིད་སེམས་ཀྱི་མཚོ་མོར།

རེ་བཞག་མདུན་ལམ་དེ་སྟོན་མཁན།

དྲིན་ཆེན་ཨ་མ་ཡིན།

རེ་བཞག་མདུན་ལམ་དེ་སྟོན་མཁན།

དྲིན་ཆེན་ཨ་མ་ཡིན།

ལོ་ཟླའི་ལང་ཚོ་ཡི་ལམ་ནས།

སྙིང་གཏམ་ཕྱེ་ལེབ་ལ་འགུགས་ཏེ།

ཞབས་ཟུང་རེ་ལྟོས་སུ་འཚོ་བའི།

གཅེས་ལོའི་ཡིད་སེམས་ཀྱི་མཚོ་མོ།

སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།

དྲིན་ཆེན་ཨ་མ་རང་ཡིན་ནོ།

སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།

དྲིན་ཆེན་ཨ་མ་རང་ཡིན་ནོ།

སྤོབས་པའི་བདེན་ཁ་དེ་སྦྱིན་མཁན།

དྲིན་ཆེན་ཨ་མ་རང་ཡིན་ནོ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息