བོད་ཀྱི་བུ་མོ ཆོས་མཚོ་སྐྱིད

创作翻唱 藏族歌曲 第408期 2017-06-20 创建 播放:64073

介绍: 《བོད་པའི་བུ་མོ》

ཚིག:རི་སྔོན་ཀླུ་འབུམ་བཀྲ་ཤིས།
དབྱངས:དམངས་ཁྲོད
ལེན་མཁན:ཆོས་མཚོ་སྐྱིད།

བོད་པའི་བུ་མོ་རིག་ཡག་གཤིས་བཟང་མ།

ཁ་ཚིག་འཇམ་པོ་འོ་མའི་མདངས་ལས་དཀར།

སྐྱེས་གཟུགས་ཡག་པོ་ཚུག་དྲུག་སྨྱུག་མའི་དྲང་།

ཞལ་རས་དཀར་པོ་དུང་གི་ཟླ་བར་འགྲན།

བོད་པའི་བུ་མོ་ཉམས་ཡག་སྒེག་ལྡན་མའི།

ཁྲ་ཆུང་མིག་གི་ཟུར་མིག་རྣོན་པོ་ཡིས།

ས...

介绍: 《བོད་པའི་བུ་མོ》

ཚིག:རི་སྔོན་ཀླུ་འབུམ་བཀྲ་ཤིས།
དབྱངས:དམངས་ཁྲོད
ལེན་མཁན:ཆོས་མཚོ་སྐྱིད།

བོད་པའི་བུ་མོ་རིག་ཡག་གཤིས་བཟང་མ།

ཁ་ཚིག་འཇམ་པོ་འོ་མའི་མདངས་ལས་དཀར།

སྐྱེས་གཟུགས་ཡག་པོ་ཚུག་དྲུག་སྨྱུག་མའི་དྲང་།

ཞལ་རས་དཀར་པོ་དུང་གི་ཟླ་བར་འགྲན།

བོད་པའི་བུ་མོ་ཉམས་ཡག་སྒེག་ལྡན་མའི།

ཁྲ་ཆུང་མིག་གི་ཟུར་མིག་རྣོན་པོ་ཡིས།

སྟག་ཤར་སྟོང་གི་ཡིད་སེམས་བཀུག་ནས་ཡོད།

བོད་པའི་བུ་མོ་རྒྱུད་བཟང་ཁོག་ཡངས་མ།

རིག་པའི་བློ་རྒྱ་ནམ་མཁའི་མཐའ་ལས་ཡངས།

གཞུང་རྒྱུད་དྲང་མོ་གཡང་དཀར་བལ་ལས་འཇམ།

བྱམས་པའི་བརྩེ་བ་མཚོ་མོའི་གཏིང་ལས་ཟབ།

བཅུ་དྲུག་ལང་ཚོ་ལྡན་པའི་གཞོན་ནུ་མའི།

ཁུ་བྱུག་འདྲ་བའི་ངག་གི་སྙན་ཆ་ཡིས།

ཕོ་གསར་ཀུན་གྱི་སེམས་པ་འཕྲོག་ནས་ཡོད།

བོད་པའི་བུ་མོ་གཟུགས་ཡག་སྐད་སྙན་མ།

སྐར་ཆེན་འདྲ་བའི་མིག་གཉིས་གདོང་ན་ཚེས།

མཁུར་ཚོས་དམར་པོ་བྱུར་དམར་རྒྱན་ལས་མཛེས།

གསུང་སྐད་སྙན་མོ་ཁུ་བྱུག་སྐད་ལས་སྙན།

འགྱུར་མེད་བརྩེ་བ་ཟམ་པའི་རིག་ཡག་མའི།

ཁྱད་ཆོས་ལྡན་པའི་ལུས་ཀྱི་ཉམས་འགྱུར་གྱིས།

སྟག་ཤར་སྟོང་གི་ཡིད་དབང་འཕྲོག་ནས་ཡོད།

བོད་པའི་བུ་མོ་རིག་ཡག་གཤིས་བཟང་མ།

ཁ་ཚིག་འཇམ་པོ་འོ་མའི་མདངས་ལས་དཀར།

སྐྱེས་གཟུགས་ཡག་པོ་ཚུག་དྲུག་སྨྱུག་མའི་དྲང་།

ཞལ་རས་དཀར་པོ་དུང་གི་ཟླ་བར་འགྲན།

བོད་པའི་བུ་མོ་ཉམས་ཡག་སྒེག་ལྡན་མའི།

ཁྲ་ཆུང་མིག་ཟུར་མིག་རྣོན་པོ་ཡིས།

སྟག་ཤར་སྟོང་གི་ཡིད་དབང་བཀུག་ཡོད།

བོད་པའི་བུ་མོ་ཉམས་ཡག་སྒེག་ལྡན་མའི།

ཁྲ་ཆུང་མིག་ཟུར་མིག་རྣོན་པོ་ཡིས།

སྟག་ཤར་སྟོང་གི་ཡིད་དབང་བཀུག་ཡོད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息