བསྟོད་གླུ ཆོས་འཛོམས

创作翻唱 藏族歌曲 第403期 2017-06-01 创建 播放:82898

介绍: 《བསྟོད་གླུ》

ཚིག:དངོས་གྲུབ་རྒྱ་མཚོ
དབྱངས:ཆོས་འཛོམས།
ལེན་མཁན:ཆོས་འཛོམས།

གངས་ཆབ་སྔོན་མོའི་རྒྱུན་གཙང་རྨ་འགྲམ་དུ།

རབ་མཛེས་ལྕགས་རུ་དཀར་བོའི་མུ་ཁྱུད་དབུས།

བྱམས་དང་སྙིང་རྗེའི་ལམ་བཟང་སྒོམས་པ་ཡི།

བརྩོན་ལྡན་ནུར་མའི་དགོན་ཆེན་ཨེ་མ་རྨད།

སྤང་ལྗོངས་སྨན་ལྗོངས་གཡུ་ཡི་ར་བ་རུ།

སྦྲ་ནག་རྟ་ནོར་ལུག་ཁྱུས་བར་མེད་གང་།

གཤི...

介绍: 《བསྟོད་གླུ》

ཚིག:དངོས་གྲུབ་རྒྱ་མཚོ
དབྱངས:ཆོས་འཛོམས།
ལེན་མཁན:ཆོས་འཛོམས།

གངས་ཆབ་སྔོན་མོའི་རྒྱུན་གཙང་རྨ་འགྲམ་དུ།

རབ་མཛེས་ལྕགས་རུ་དཀར་བོའི་མུ་ཁྱུད་དབུས།

བྱམས་དང་སྙིང་རྗེའི་ལམ་བཟང་སྒོམས་པ་ཡི།

བརྩོན་ལྡན་ནུར་མའི་དགོན་ཆེན་ཨེ་མ་རྨད།

སྤང་ལྗོངས་སྨན་ལྗོངས་གཡུ་ཡི་ར་བ་རུ།

སྦྲ་ནག་རྟ་ནོར་ལུག་ཁྱུས་བར་མེད་གང་།

གཤིས་འཇམ་རྒྱུད་དྲང་ཕྱི་ཐག་རིང་བ་ཡི།

ཁྲོ་ཁོ་ནུར་མ་གོང་མའི་སྡེ་ཆེན་བསྟོད།

སྤང་ཐང་ནེའུ་གསིང་སྐྱིད་པའི་དགའ་ཚལ་དུ།

མར་ཆུར་འོ་མའི་མཚོ་མོ་གཡང་དུ་འཁྱིལ།

གང་བརྩམས་མཐའ་རུ་འཁྱོངས་བའི་རང་གཤིས་ཅན།

ཁྲོ་ཁོ་ནུར་མ་འགབ་མའི་སྡེ་ཆེན་བསྔགས།

དགའ་ལྡན་གསེར་ཁྲི་དགུང་གི་ཉི་མ་བཞིན།

ཁྲིམས་ལྡན་འདུས་སྡེ་པད་མའི་དགའ་ཚལ་འདྲ།

མཐུན་པའི་སྡེ་གཉིས་བུང་བ་གཞོན་ནུའི་སྤུན།

བདེ་སྐྱིད་འཇོམས་པའི་གནས་མཆོག་ཨེ་མ་མཚར།

བདེ་སྐྱིད་འཇོམས་པའི་གནས་མཆོག་ཨེ་མ་མཚར།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息