བཞོ་ལུང་ཆད་སོང 【ཆོས་འཛོམས།】

创作翻唱 藏族歌曲 第379期 2017-04-18 创建 播放:70453

介绍: 《བཞོ་ལུང་ཆད་སོང་།》

གཞས་ཚིག:རྨོག་རུ་ཤེས་རབ་རྡོ་རྗེ
གཞས་གདངས:མགོ་ལོག་རྒྱལ་མཚན།
ལེན་མཁན:ཆོས་འཛོམས།

བཞོ་ལུང་ཆད་སོང་།

ཤུག་དམར་བཞོ་ཟེའུ་འོ་མས་ལྟེམས་པ་འཕོས།

ཐུལ་དཀར་འབྲི་མོའི་ངུར་ཆུང་།

གནམ་སའི་མཚམས་ནས་ཡལ་སོང་།

སྲང་ཤུར་གྲང་མོ་འདི་རུ།

མི་ཚེ་འཁྱོལ་ཐབས་ཨེ་ཡོད།

གློག་འོད་འཚུབ་མའི་ཁྲོད་ནས།

སྐྱིད་མདོག་ཁ་བའི་གཞ...

介绍: 《བཞོ་ལུང་ཆད་སོང་།》

གཞས་ཚིག:རྨོག་རུ་ཤེས་རབ་རྡོ་རྗེ
གཞས་གདངས:མགོ་ལོག་རྒྱལ་མཚན།
ལེན་མཁན:ཆོས་འཛོམས།

བཞོ་ལུང་ཆད་སོང་།

ཤུག་དམར་བཞོ་ཟེའུ་འོ་མས་ལྟེམས་པ་འཕོས།

ཐུལ་དཀར་འབྲི་མོའི་ངུར་ཆུང་།

གནམ་སའི་མཚམས་ནས་ཡལ་སོང་།

སྲང་ཤུར་གྲང་མོ་འདི་རུ།

མི་ཚེ་འཁྱོལ་ཐབས་ཨེ་ཡོད།

གློག་འོད་འཚུབ་མའི་ཁྲོད་ནས།

སྐྱིད་མདོག་ཁ་བའི་གཞས་ཤིག་བཏང་ཡང་།

མགྲིན་པ་སྐམ་པོར་སྙན་ཆ་འཁོར་ཐབས་མི་འདུག

བཞོ་ལུང་ཆད་སོང་།

འུར་ཆ་ཆུ་མིག་དགུ་སྒྲིལ་ལག་ནས་བོར།

སྣང་བ་དྭངས་མོའི་གཞས་ཆུང་།

གཟར་མོ་རི་ནས་ལུས་སོང་།

ལྷས་རྭ་རྡང་ཁྲ་བརྒྱ་བ།

རྩྭ་ལྡུམ་སྟུག་པོས་ཁེངས་སོང་།

དྲག་ཆར་རླུང་འཚུབ་ཁྲོད་ནས།

སྦྲ་ནག་འདབས་ཁ་རླུང་གིས་ཟད་པ།

སྲུང་ནས་འདུག་པའི་བློ་ཞིག་གང་ནས་སྐྱེའམ།

སེམས་པ་སྨྲེང་སོང་།

སྨྲེང་བ་གཞས་སུ་བཀུགས་པ་གྱང་ལ་བརྡབས།

རྣ་ལ་འཁོར་བའི་བྲག་ཅ།

སྙི་མོ་སེམས་ནས་གས་སོང་།

ཡངས་མོ་སྤང་ལ་ཆས་ཏེ།

གནམ་ས་ལུས་སུ་གྱོན་ནས།

བདེ་མོ་ངག་ལ་འཁོར་བའི།

སྣང་བ་བསོར་མོའི་གཞས་ཤིག་བཏང་ན།

མི་ཚེའི་སྐྱོ་སྡུག་མ་ལུས་གཏོང་བརྗེད་འགྲོའམ།

སྣང་བ་བསོར་མོའི་གཞས་ཤིག་བཏང་ན།

མི་ཚེའི་སྐྱོ་སྡུག་མ་ལུས་གཏོང་བརྗེད་འགྲོའམ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息