སྦྲ་ནག་བུ་མོ དངོས་གྲུབ་སྒྲོན་མ

创作翻唱 藏族歌曲 第334期 2017-04-01 创建 播放:48899

介绍: 《སྦྲ་ནག་བུ་མོ》

ཚིག:འབའ་གོ་ཆ།
དབྱངས:བློ་གསལ།
ལེན་མཁན:དངོས་གྲུབ་སྒྲོན་མ།

ཡེ་་་

ང་སྦྲ་ནག་ཁྲི་སྡེའི་བུ་མོ།

སྦྲ་མཐིང་སྨུག་གྲུ་བཞིའི་ནང་འཛིན།

ངག་དགོ་དགོ་འབྲི་མོའི་བཞོ་དབྱངས།

ཁྱིམ་ལྷས་རའི་ནང་ན་ལྷང་ལྷང་།

བཞོ་དབྱངས་འཐེན་བྱུང་།

སེམས་གཞས་བཏང་བྱུང་།

སྙན་མོ་ངག་གི་དབྱངས་རྟ་འདི།

སྦྲ་ནག་བུ་མོའི་གླུ་སྐད་ཡིན།

...

介绍: 《སྦྲ་ནག་བུ་མོ》

ཚིག:འབའ་གོ་ཆ།
དབྱངས:བློ་གསལ།
ལེན་མཁན:དངོས་གྲུབ་སྒྲོན་མ།

ཡེ་་་

ང་སྦྲ་ནག་ཁྲི་སྡེའི་བུ་མོ།

སྦྲ་མཐིང་སྨུག་གྲུ་བཞིའི་ནང་འཛིན།

ངག་དགོ་དགོ་འབྲི་མོའི་བཞོ་དབྱངས།

ཁྱིམ་ལྷས་རའི་ནང་ན་ལྷང་ལྷང་།

བཞོ་དབྱངས་འཐེན་བྱུང་།

སེམས་གཞས་བཏང་བྱུང་།

སྙན་མོ་ངག་གི་དབྱངས་རྟ་འདི།

སྦྲ་ནག་བུ་མོའི་གླུ་སྐད་ཡིན།

ཡེ་་་

ང་ཁ་བ་གངས་རིའི་བུ་མོ།

གངས་དཀར་པོའི་འདབས་ཀྱི་མེ་ཏོག

ལུས་ལང་ཚོའི་མེ་ཏོག་འདབ་མ།

གངས་ཁ་བ་བཞིན་དུ་ལམ་ལམ།

མེ་ཏོག་བཞད་བྱུང་།

བརྩེ་འཛུམ་ལ་གྲོལ་སོང་།

འཇམ་པོ་དར་གྱི་ངང་ཚུལ་འདི།

སྦྲ་ནང་བུ་མོའི་གཤིས་རྒྱུད་ཡིན།

ཡེ་་་

ང་སྒང་བ་བོད་ཀྱི་བུ་མོ།

བྲག་བྱང་སེམས་སྤྲེལའུ་མི་རྒྱུད།

སེམས་བསམ་པ་དཀར་པོའི་བརྩེ་བ།

རི་ཁ་བ་ཅན་འཐོར་སོང་།

བརྩེ་བ་ཟབ་བྱུང་།

ཕྱི་ཐག་རིང་བྱུང་།

ལྷད་མེད་སེམས་ཀྱི་རང་སྒྲ་འདི།

སྦྲ་ནག་བུ་མོའི་བརྩེ་སེམས་ཡིན།

བརྩེ་བ་ཟབ་བྱུང་།

ཕྱི་ཐག་རིང་བྱུང་།

ལྷད་མེད་སེམས་ཀྱི་རང་སྒྲ་འདི།

སྦྲ་ནག་བུ་མོའི་བརྩེ་སེམས་ཡིན།

སྦྲ་ནག་བུ་མོའི་བརྩེ་སེམས་ཡིན།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息