བོད་ཕྲེང་བ་ཅན་ལ་དོན་ཞིག་དགོས།

创作翻唱 藏族歌曲 第263期 2017-01-06 创建 播放:48920

介绍: 《བོད་ཕྲེང་བ་ཅན་ལ་དོན་ཞིག་དགོས》

གཞས་མ:ལྷ་ལུང་མཚོ།

རིགས་བཙན་པོའི་རྒྱུད་ཀྱི་བོད་པ་ཚོ།།

ནང་མཐུན་པའི་ལག་རྡང་མ་སྦྲེལ་ན།།

ཁ་སྟོང་བས་ལ་རྒྱ་དོན་ཆུང་གི།

རང་རིགས་ཞེན་ཆེ་བ་ཤེས་ཀི་ར།།

ཞེ་བསམ་པས་ལག་ལེན་ཡོད་ནི་བྱོས།།

ཁྱིམ་རོང་ཁང་གྲུ་བཞིའི་བདག་མོ་ཚོ།།

རྒྱུད་ཡོན་ཏན་གསེར་གྱིས་མ་རྒྱན་ན།།

གསེར་སེར་བས་སྤྲས་ཀ...

介绍: 《བོད་ཕྲེང་བ་ཅན་ལ་དོན་ཞིག་དགོས》

གཞས་མ:ལྷ་ལུང་མཚོ།

རིགས་བཙན་པོའི་རྒྱུད་ཀྱི་བོད་པ་ཚོ།།

ནང་མཐུན་པའི་ལག་རྡང་མ་སྦྲེལ་ན།།

ཁ་སྟོང་བས་ལ་རྒྱ་དོན་ཆུང་གི།

རང་རིགས་ཞེན་ཆེ་བ་ཤེས་ཀི་ར།།

ཞེ་བསམ་པས་ལག་ལེན་ཡོད་ནི་བྱོས།།

ཁྱིམ་རོང་ཁང་གྲུ་བཞིའི་བདག་མོ་ཚོ།།

རྒྱུད་ཡོན་ཏན་གསེར་གྱིས་མ་རྒྱན་ན།།

གསེར་སེར་བས་སྤྲས་ཀྱང་དོན་ཆུང་གི།

གསེར་རིན་ཆེན་ཡིན་པ་ཤེས་ཀི་ར།།

གཞི་འཚོ་བར་ཁ་ཐག་ཉེ་ནི་བྱོས།།

སྦྲ་རོག་རོག་ཚང་གི་མ་སྲུ་ཚོ།།

གཤིས་ངང་རྒྱུད་འོ་མར་མ་འདྲེས་ན།།

དངུལ་དཀར་པོས་གཡོགས་ཀྱང་དོན་ཆུང་གི།

དངུལ་རིན་ཆེན་ཡིན་པ་ཤེས་ཀི་ར།།

ཡུལ་དུས་རབས་ཤིག་ལ་འཚམ་ནི་བྱོས།།

གནས་ལྔ་རིག་སྦྱོང་བའི་ཕུ་ནུ་ཚོ།།

གཞུང་རིག་པའི་འདབ་ལོ་མ་གྲོལ་ན།།

གཟུགས་འཆོར་གོས་བཀླུབ་ཀྱང་དོན་ཆུང་གི།

གཟུགས་ལང་ཚོ་ཡོད་པ་ཤེས་ཀི་ར།།

ནང་བསམ་བློའི་འབྱོར་བས་ཕྱུག་ནི་བྱོས།།

རི་ཁ་བའི་ལྗོངས་ཀྱི་སྤུན་ཟླ་ཚོ།།

བོད་རང་གི་སྐད་ཡིག་མ་ཤེས་ན།།

སྐད་སྣ་ཚོགས་ཤེས་ཀྱང་དོན་ཆུང་གི།

སྐད་མང་པོའི་དགེ་མཚན་ཤེས་ཀི་ར།།

དབྱངས་གསལ་བྱེད་ངག་ལ་འཕྲོད་ནི་བྱོས།།

སྐད་མང་པོའི་དགེ་མཚན་ཤེས་ཀི་ར།།

དབྱངས་གསལ་བྱེད་ངག་ལ་འཕྲོད་ནི་བྱོས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息