གཞོན་པ་ཕོ་མོའི་བརྩེ་བ།

创作翻唱 藏族歌曲 第3期 2016-05-08 创建 播放:66878

介绍: 《གཞོན་པ་ཕོ་མོའི་བརྩེ་བ།》

གླུ་བ:ཚེ་རིང་ལྷ་མོ།

མཛེས་པའི་སྤང་ལྗོངས་སྟེང་ལ།

རྟ་ནོར་ལུག་གིས་བརྒྱན་སོང་།

རིགས་བཟང་ཨ་ཅེ་འབྲོག་མོས།

སྙན་པའི་རྫི་གླུ་བླངས་སོང་།

ནམ་མཁའི་སྤྲིན་པ་དཀར་པོས།

སྙན་པའི་རྫི་གླུ་ཐོས་པས།

སྟག་ཤར་གཞོན་པའི་ཕྱོགས་ལ།

ལ་མ་ལིང་གིས་བཞུད་སོང་།

གྲུ་བཞི་ཞིང་གི་ནང་ལ།

འབྲུ་རིགས་སྣ་ལྔ་འཁྲུང...

介绍: 《གཞོན་པ་ཕོ་མོའི་བརྩེ་བ།》

གླུ་བ:ཚེ་རིང་ལྷ་མོ།

མཛེས་པའི་སྤང་ལྗོངས་སྟེང་ལ།

རྟ་ནོར་ལུག་གིས་བརྒྱན་སོང་།

རིགས་བཟང་ཨ་ཅེ་འབྲོག་མོས།

སྙན་པའི་རྫི་གླུ་བླངས་སོང་།

ནམ་མཁའི་སྤྲིན་པ་དཀར་པོས།

སྙན་པའི་རྫི་གླུ་ཐོས་པས།

སྟག་ཤར་གཞོན་པའི་ཕྱོགས་ལ།

ལ་མ་ལིང་གིས་བཞུད་སོང་།

གྲུ་བཞི་ཞིང་གི་ནང་ལ།

འབྲུ་རིགས་སྣ་ལྔ་འཁྲུངས་སོང་།

གཤིས་བཟང་ཨ་ཅེ་རོང་མོས།

སྙན་པའི་གཞས་ཆུང་བཏང་སོང་།

ནགས་ཀྱི་ཁུ་བྱུག་སྔོན་མོས།

སྙན་པའི་གཞས་ཆུང་ཐོས་པས།

སྟག་ཤར་གཞོན་པའི་ཕྱོགས་ལ།

ཀྱ་ཀྱུའི་ངག་གིས་འཕུར་སོང་།

སྨད་ཀྱི་ཁྲོམ་ཆེན་ཚོགས་ན།

མི་ཚོགས་བརྒྱ་འདུས་སྟོང་འདུས།

བཞིན་མཛེས་འཕྱོར་སྒེག་བུ་མོས།

སྟག་ཤར་གཞོན་པའི་ཕྱོགས་ལ།

ཟུར་མིག་འཁྱུག་ཙམ་འཕངས་ནས།

མཛེས་པའི་སྐྱེད་མོའི་ཚལ་དུ།

བུ་མོའི་བརྩེ་བ་ཟབ་མོ།

བུ་ཆུང་སེམས་ལ་བཞག་སོང་།

ཨ། སྟག་ཤར་ལགས།

ཨ། བུ་མོ་ལགས།

ཁྱེད་གཉིས་བརྩེ་གྲོགས་བར་ལ།

དགོས་རྒྱུའི་མདུན་པ་གཅིག་ཏེ།

མི་ཤིགས་རྟོ་རྗེའི་མདུད་པ།

སྙིང་གི་དམ་བཅའ་ཡིན་སོང་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息