ཕ་གཞིས ཚེ་རིང་ལྷ་མོ

创作翻唱 藏族歌曲 第440期 2017-07-17 创建 播放:75040

介绍: ཕ་གཞིས

ཚིག འོད་སྲས།
དབྱངས། ཨ་རིན།
ལེན་མཁན། ཚེ་རིང་ལྷ་མོ།

གངས་རི་བོའི་འདབས་སུ་ལྟེ་ཁྲག་འཕོས།

གངས་དཀར་པོ་རང་གི་ཕ་ས་བྱས།

གངས་ཆུ་མོས་ང་ཡི་སྐོམ་གདུང་སེལ།

བློ་སེམས་པ་དཀར་པོ་གངས་ཀྱི་དྲིན།

སྐྱིད་སྤྲོ་དགའི་མེ་ཏོག་གངས་ཀྱིས་བཞད།

ཡིད་རེ་ཆད་ན་བུན་གངས་ཀྱིས་གསོས།

གནས་ས་མཐར་འཁྱམས་ཏེ་ཁྱེད་རང་དྲན།

གངས་དཀར་པོ་སེམས་ཀྱི་ལ...

介绍: ཕ་གཞིས

ཚིག འོད་སྲས།
དབྱངས། ཨ་རིན།
ལེན་མཁན། ཚེ་རིང་ལྷ་མོ།

གངས་རི་བོའི་འདབས་སུ་ལྟེ་ཁྲག་འཕོས།

གངས་དཀར་པོ་རང་གི་ཕ་ས་བྱས།

གངས་ཆུ་མོས་ང་ཡི་སྐོམ་གདུང་སེལ།

བློ་སེམས་པ་དཀར་པོ་གངས་ཀྱི་དྲིན།

སྐྱིད་སྤྲོ་དགའི་མེ་ཏོག་གངས་ཀྱིས་བཞད།

ཡིད་རེ་ཆད་ན་བུན་གངས་ཀྱིས་གསོས།

གནས་ས་མཐར་འཁྱམས་ཏེ་ཁྱེད་རང་དྲན།

གངས་དཀར་པོ་སེམས་ཀྱི་ལོག་མལ་ཡིན།

ངའི་ཡ་ཆུང་གངས་དཀར་སེམས་དཀྱིལ་ལ།

ཡིད་འཁྲེང་བའི་ཁ་བ་ལྷབ་ལྷུབ་བབས།

ཡུལ་ཁྱེད་ལ་དུངས་པའི་བརྩེ་སེམས་དེ།

དགུང་ཁ་བར་སྤྲེལ་ནས་ལྷོད་ཀྱིས་འཐོར།

གངས་རི་རབ་དབུས་ནས་འཚར་ལོངས་བྱུང་།

གངས་མཐོན་པོའི་པང་དུ་ཀ་ཁར་གོམས།

གངས་མཚོ་མོས་ང་ཡི་བློ་རྒྱ་བསྐྱེད།

གཞུང་ཡིད་སེམས་བརྟན་པ་གངས་ཀྱི་རྟགས།

བློ་སྤོབས་པའི་ཉི་གཞོན་གངས་ཀྱིས་དྲངས།

འདང་ལྷད་མེད་བརྩེ་བ་གངས་ཀྱིས་བསྐྱངས།

ས་གཞན་ཡུལ་འགྲིམས་ཏེ་ཁྱེད་ལ་འཁོར།

གངས་དཀར་པོ་ལ་རྒྱའི་རྒྱབ་རི་ཡིན།

ངའི་རེ་བའི་སེམས་ཀྱི་གཞི་མ་ལ།

བློ་བདེ་བའི་གངས་ཆུ་ཤངས་ཤངས་རྒྱུག

ཡུལ་ཁྱེད་རང་དྲན་པའི་སྙིང་གཏམ་དེ།

གཙང་ཆུ་མོར་སྦྲེལ་ནས་ལྷོད་ཀྱིས་བཞུར།

གངས་དཀར་པོ་ལ་རྒྱའི་རྒྱབ་རི་ཡིན།

ངའི་རེ་བའི་སེམས་ཀྱི་གཞི་མ་ལ།

བློ་བདེ་བའི་གངས་ཆུ་ཤངས་ཤངས་རྒྱུག

ཡུལ་ཁྱེད་རང་དྲན་པའི་སྙིང་གཏམ་དེ།

གཙང་ཆུ་མོར་སྦྲེལ་ནས་ལྷོད་ཀྱིས་བཞུར།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息