རྨི་ལམ་བཟང་པོ གཙང་ནོར་བུ

创作翻唱 藏族歌曲 第312期 2017-03-13 创建 播放:150750

介绍: 《རྨི་ལམ་བཟང་པོ》

ཚིག:གཙང་པ་ནོར་བུ
དབྱངས:གཙང་པ་ནོར་བུ
ལེན་མཁན:གཙང་པ་ནོར་བུ

མདང་དགོངས་ཉལ་བའི་རྨི་ལམ་དུ།

གཙང་གི་བཀྲ་ལྷུན་རྨིས་བྱུང་།

བཀྲ་ལྷུན་རྒྱ་ཕིབས་སྟེང་ལ།

འཇའ་ཚོན་སྣ་ལྔ་ཤར་བ་རྨིས།

འཇའ་ཚོན་སྣ་ལྔའི་དཀྱིལ་ནས།

ང་ཡི་རྩ་བའི་བླ་མ།

ཀུན་གཟིགས་པཎ་ཆེན་མཆོག་གིས།

བོད་འབངས་སྐྱོང་བ་རྨིས་བྱུང་།

ཨོའོ་་་ ཀུན་གཟི...

介绍: 《རྨི་ལམ་བཟང་པོ》

ཚིག:གཙང་པ་ནོར་བུ
དབྱངས:གཙང་པ་ནོར་བུ
ལེན་མཁན:གཙང་པ་ནོར་བུ

མདང་དགོངས་ཉལ་བའི་རྨི་ལམ་དུ།

གཙང་གི་བཀྲ་ལྷུན་རྨིས་བྱུང་།

བཀྲ་ལྷུན་རྒྱ་ཕིབས་སྟེང་ལ།

འཇའ་ཚོན་སྣ་ལྔ་ཤར་བ་རྨིས།

འཇའ་ཚོན་སྣ་ལྔའི་དཀྱིལ་ནས།

ང་ཡི་རྩ་བའི་བླ་མ།

ཀུན་གཟིགས་པཎ་ཆེན་མཆོག་གིས།

བོད་འབངས་སྐྱོང་བ་རྨིས་བྱུང་།

ཨོའོ་་་ ཀུན་གཟིགས་པཎ་ཆེན་མཆོག་གིས།

བོད་འབངས་སྐྱོང་བ་རྨི་ལམ་བཟང་པོ་རྨིས་བྱུང་།

ང་ཡི་རྩ་བའི་བླ་མ།

པཎ་ཆེན་རིན་པོ་ཆེ།

ཁྱེད་ཀྱི་མཛད་པའི་ལངས་ཕྱོགས།

བོད་ལ་བཀའ་དྲིན་ཆེ་བྱུང་།

༧པཎ་ཆེན་བཅུ་པ་ཆེན་མོའི།

མཛད་དྲིན་ཡིད་ལ་དྲན་དུས།

ང་ཚོ་བོད་འབངས་རྣམས་ཚོས།

ཁྱེད་ཞལ་སླར་ཡང་དྲན་དྲན་བྱུང་།

ཨོའོ་་་ ང་ཚོ་བོད་འབངས་རྣམས་ཚོས།

ཁྱེད་ཞལ་སླར་ཡང་ཡིད་ལ་ལྷང་ལྷང་དྲན་དྲན་བྱུང་།

མདང་དགོངས་ཉལ་བའི་རྨི་ལམ་དུ།

གཙང་གི་བཀྲ་ལྷུན་རྨིས་བྱུང་།

བཀྲ་ལྷུན་འདུ་ཁང་ནང་ནས།

ཀུན་གཟིགས་མཇལ་མཇལ་བ་རྨིས་བྱུང་།

ཆོས་སྲིད་གནས་ལ་མཁས་པའི།

༧པཎ་ཆེན་ཆོས་ཀྱི་རྒྱལ་མཚན།

གང་ཉིད་བཞུགས་པའི་དུས་ཟླ།

ཡིད་ལ་ལྷང་ལྷང་དྲན་དྲན་བྱུང་།

ཨོའོ་་་ ཁྱེད་ཉིད་བོད་ནས་ཆིབས་ཁ་བསྒྱུར་བ་དེ།

ང་ཚོ་བོད་ཕྲུག་རྣམས་ཚོའི་བསོད་ནམས་དམན་པའི་ལས་དབང་།

ཨོའོ་་་་ ཁྱེད་ཉིད་བོད་ནས་ཆིབས་ཁ་བསྒྱུར་བ་དེ།

ང་ཚོ་བོད་ཕྲུག་རྣམས་ཚོའི་བསོད་ནམས་དམན་པའི་ལས་དབང་།

རིན་པོ་ཆེ། སྐྱབས་སུ་ཆེ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息