སེམས་པའི་གཅོང་ནད།

创作翻唱 藏族歌曲 第264期 2017-01-18 创建 播放:31057

介绍: 《སེམས་པའི་གཅོང་ནད》

གཞས་མ:

ཁྱེད་རང་ལ་མོའི་བར་རྒྱབ་ལ་ཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

མི་ཚེ་གཅིག་ལ་བློ་ཕམ་ཇི་ཙམ་ཡོད།

སྣང་བར་མེད་པར་གོ་སྐབས་ཤོར།

བསམ་ཤེས་ཐོན་་དུས་འགྱོད་པའི་གླིང་ལ་བསྐྱལ།

ལམ་ནོར་ཐེབས་ཚར་བའི་རྗེས་ལ།

རྗེས་ལ་གཞི་ནས་འགྱོད་པ་སྐྱེ་ཡས་གང་ཡིན་ནམ།

ཚང་མས་དེ་ནི་མི་ཚེ་རེད་ཅེས་བཤད།

...

介绍: 《སེམས་པའི་གཅོང་ནད》

གཞས་མ:

ཁྱེད་རང་ལ་མོའི་བར་རྒྱབ་ལ་ཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

མི་ཚེ་གཅིག་ལ་བློ་ཕམ་ཇི་ཙམ་ཡོད།

སྣང་བར་མེད་པར་གོ་སྐབས་ཤོར།

བསམ་ཤེས་ཐོན་་དུས་འགྱོད་པའི་གླིང་ལ་བསྐྱལ།

ལམ་ནོར་ཐེབས་ཚར་བའི་རྗེས་ལ།

རྗེས་ལ་གཞི་ནས་འགྱོད་པ་སྐྱེ་ཡས་གང་ཡིན་ནམ།

ཚང་མས་དེ་ནི་མི་ཚེ་རེད་ཅེས་བཤད།

མིག་ཆུ་བསྐུམས་ཀྱང་བསྐུམས་མ་ཐུབ།

སེམས་པའི་སྐྱོ་སྣང་འགོག་ཐབས་བྲལ་སོང་།

ངས་འཇིག་རྟེན་ཁ་ལོ་བསྒྱུར་བའི་རེ་བ་མེད།

སྔོན་ཆད་བསགས་པའི་ལས་དེ་གཡོལ་ཐབས་མེད།

འོན་ཀྱང་ཉེ་ཆར་ཉིན་ཤས་ནང་། མཚན་མོའི་དུས་ལ།

སྔོན་ཆད་གནས་ཚུལ་ཡིད་ལ་དྲན་བྱུང་།

སེམས་ནང་དྲན་པའི་སེམས་སྡུག་བཟོད་ཐབས་མེད།

དྲན་སེམས་སེམས་ཀྱི་ན་ཚ།

ཁྱེད་རང་ལ་མོའི་བར་རྒྱབ་ལ་བཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

ཁྱེད་ཀྱི་ཞལ་རས་ཡིད་ལ་ཡང་ཡང་དྲན་ཡང་།

ང་གཉིས་མཇལ་བའི་གོ་སྐབས་དེ་ནི་གསེར་ལས་དཀོན།

ག་དུས་ཡིན་ཡང་ཁྱེད་ལ་སྣང་མེད་བརྩེ་སེམས་འབུལ་རྒྱུ་ཤོར་མ་སོང་།

ད་ལྟ་ཁྱེད་རང་གང་དུ་ཡོད་དམ།

ལས་དབང་མེད་ཅེས་འཁང་ར་བྱས་ཀྱང་།

རང་ལ་བལྟ་བའི་མི་ལོང་མི་འདུག

རང་གིས་རང་ལ་འགྱོད་བཤགས་བྱེད་མཁན་མེད།

དགོངས་པ་བཞེས་དང་བསམ་ཤེས་མ་ཐོན་ལས་ཀ་གང་ཞིག་བྱས།

གཅིག་བྱས་ན་ཚོད་བགམ་གནང་བ་ཡིན་སྲིད།

སེམས་པའི་གཅོང་ནད་དྲག་པ་དཀའ་མོ་རེད།

སྔར་སོང་བྱ་བ་ཐམས་ཅད་ཡིད་ལ་དྲན།

བརྒྱབ་པའི་མདའ་མོ་ལོག་ཤོག་ཟེར་ཡས་མེད།

ང་གཉིས་གཉིས་པོའི་ལས་དེ་དྲན་གསོ་ཆགས།

ཁྱེད་རང་ལ་མོའི་བར་རྒྱབ་ལ་བཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

ཁྱེད་ཀྱི་ཞལ་རས་ཡིད་ལ་ཡང་ཡང་དྲན་ཡང་།

ང་གཉིས་མཇལ་བའི་གོ་སྐབས་དེ་ནི་གསེར་ལས་དཀོན།

ཨོའོ་་་ སེམས་པའི་གཅོང་ནད་རེད།

ཨོའོ་་་ སེམས་པའི་གཅོང་ནད་རེད། གཅོང་ནད་རེད།

ཁྱེད་རང་ལ་མོའི་བར་རྒྱབ་ལ་བཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

ཁྱེད་ཀྱི་ཞལ་རས་ཡིད་ལ་ཡང་ཡང་དྲན་ཡང་།

ང་གཉིས་མཇལ་བའི་གོ་སྐབས་དེ་ནི་གསེར་ལས་དཀོན།

ཁྱེད་རང་ལ་མོའི་བར་རྒྱབ་ལ་བཞུགས་པའི་དུས།

ང་རང་གཅིག་པུར་ལུས་ནས་སེམས་པ་སྐྱོ།

ཁྱེད་ཀྱི་ཞལ་རས་ཡིད་ལ་ཡང་ཡང་དྲན་ཡང་།

ང་གཉིས་མཇལ་བའི་གོ་སྐབས་དེ་ནི་གསེར་ལས་དཀོན།

ཨོའོ་་་ སེམས་པའི་གཅོང་ནད་རེད།

ཨོའོ་་་ སེམས་པའི་གཅོང་ནད་རེད། གཅོང་ནད་རེད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息