介绍: 《མཉམ་དུ་འཛོམས།》
གཞས་ཚིག:སོག་ཤོད་དར་རྒྱས།
གཞས་གདངས:སོག་ཤོད་དར་རྒྱས།
གཞས་མ:དངོས་གྲུབ་སྒྲོན་མ།
ལས་མཐུན་གྱི་སྤུན་ཟླ་ཚོ།
ཁ་བའི་ལྗོངས་ལ་ནི་འཛོམས་ཤོག
ང་ཚོ་མཉམ་དུ་སྐྱིད་པའི་གླུ་དབྱངས་ཤིག་ལེན་ལ་ཤོག
ཕ་ཡུལ་གངས་ལྗོངས་དབུ་འཕང་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླ་བསོད་ནམས་རྒྱས་པའི་སྨོན་ལམ་ཞིག་འདེབས།
ཕ་...

ཨ་ལ་སྨོན་ལམ་ཞིག་འདེབས།
གནམ་ལ་འཁོར་ལོ་རྩིབས་བརྒྱད།
ས་ལ་པད་མ་འདབ་བརྒྱད།
དགེ་བཅུ་གཡང་གི་ར་བ།
བུ་མོ་ང་ཡི་ཕ་ཡུལ།
བུ་མོ་ང་ཡི་ཕ་ཡུལ་ཕ་ཡུལ་ཡིན།
སེམས་དཀར་གྱི་སྤུན་ཟླ་ཚོ།
བྲོ་རའི་འདི་ལ་འཛོམས་ཤོག
ང་ཚོ་མཉམ་དུ་དགའ་བའི་ཞབས་བྲོ་ཞིག་འཁྲོབས་ལ་ཤོག
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་རྒྱས་པའི་སྨོན་ལམ་འདེབས།
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་རྒྱས་པའི་སྨོན་ལམ་འདེབས།
ཨ་ལ་སྨོན་ལམ་ཞིག་འདེབས།
གནམ་ལ་འཇའ་ཚོན་སྣ་ལྔ།
ས་ལ་མེ་ཏོག་གུར་ཁང་།
བཀྲ་ཤིས་འཕེལ་བའི་གནམ་མཆོག
བུ་མོ་ང་ཡི་ཕ་ཡུལ།
བུ་མོ་ང་ཡི་ཕ་ཡུལ་ཕ་ཡུལ་ཡིན།
བརྩེ་ལྡན་གྱི་སྤུན་ཟླ་ཚོ།
རྩེད་ར་འདི་ལ་ནི་འཛོམས་ཤོག
ང་ཚོ་མཉམ་དུ་མཚར་བའི་རྩེད་མོ་རྩེ་ལ་ཤོག
ཡ་རབས་གོམས་གཤིས་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་ཞིག་འདེབས།
ཡ་རབས་གོམས་གཤིས་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་ཞིག་འདེབས།
ཨ་ལ་སྨོན་ལམ་འདེབས།
གནམ་ལ་ཁྲི་གདུགས་ཉི་མ།
ས་ལ་གངས་ཀྱི་ར་བ།
ཞི་བདེ་སྐྱིད་ཀྱི་ཕ་ས།
བུ་མོ་ང་ཡི་ཕ་ཡུལ།
བུ་མོ་ང་ཡི་ཕ་ཡུལ་ཕ་ཡུལ་ཡིན།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息