德吉才让和奥才【黑翅膀】

创作翻唱 糌粑萨丶King 第123期 2017-04-19 创建 播放:15059

介绍: མཉམ་དུ།
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།

བདེ་སྐྱིད་ཚེ་རིང་།
སྐར་མ་སྨིན་དྲུག་མགོ་ནས་ཡལ་སོང་།
སྐྱེ་འཆིའི་ལུང་བསྟན་རླུང་གིས་སྤ...

介绍: མཉམ་དུ།
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།

བདེ་སྐྱིད་ཚེ་རིང་།
སྐར་མ་སྨིན་དྲུག་མགོ་ནས་ཡལ་སོང་།
སྐྱེ་འཆིའི་ལུང་བསྟན་རླུང་གིས་སྤུར་སོང་།
རྨི་ལམ་སྣ་ཚོགས་དུས་ཀྱིས་ཟད་སོང་།
ཨོ། ཞེད་སྣང་ལ། ཞེད་སྣང་ལ།
གསང་བའི་དགུ་ཚིགས་མེ་ལྕེས་ལྡེག་སོང་།
མཚོ་རྫིང་སྟོང་བ་ནམ་མཁར་གཏད་སོང་།
རྡུལ་གྱི་མཚོན་ཆ་རྟོག་བཟོས་བཞེངས་སོང་།
རྡོག་ཁྲེས་ཙག་ཙིག་རྟ་ཕོས་འཁྱེར་སོང་།
སྤྲིན་ནག་འཁྲིགགློག་ཞགས་འཁྱུག
ཆར་བ་ཟམ་ཟིམ་མཚམས་མེད་བབས།

ཁྲ་ཆིལ་དགུ་ཆིལ་ལམ་གྱི་གྲོང་ཁྱེར་རེད།
མེ་ལྕེ་སྔོན་མོ་ལས་ཀྱི་བརྩེ་གཞས་རེད།
རུས་པ་མཁྲེགས་པོ་རིགས་ཀྱི་འཇོན་ཐང་རེད།
གྲི་མདུང་མདའ་མོ་སྐྱོ་བའི་མགུར་མ་རེད།
མིག་ཆུ་རྡོག་པ་སྣང་བའི་རྩེད་མོ་རེད།
ལྡེབས་ཀྱི་རི་མོ་ལུང་གི་རྩེད་འཇོ་རེད།
མཆོད་རྐོང་འཁྱག་པ་བརྩེ་བའི་ཕུགས་འདུན་རེད།
སྣ་གླུ་ཐན་ཐུན་དོན་གྱི་སྙིང་པོ་རེད།

མཉམ་དུ།
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།

ཨོ་ཚེ།
སྣ་གླུ་ཐན་ཐུན་དོན་གྱི་སྙིང་པོ་རེད།
མཐོང་སོང་ངམ། ལག་པས་ནམ་མཁའ་སྟོང་བར་སྦར་བགྲད་བྱས།
ཅི་ཡང་རེག་མ་བྱུང་།
འབྱུང་ལྔས་བདག་གིར་བཟུང་བའི་རང་དབང་བསམ་བློ་བཅོས་ཐབས་མེད།
གཉིད་མ་སད་ཀྱིས་ཞོགས་ཀའི་ཉི་མ་ནམ་མཁའ་ནས་ས་ལ་དྲུད།
འཚོ་བའི་གཅོང་རོང་བརྒལ་ལ་་ཉེ་དུས། དབྱིབས་དང་ཁ་དོག
འཇམ་རྩུབ་ཅི་ཡང་མེད་པའི་འཕྲུལ་སྣང་གི་གློག་འོད་ལྟ་བུ་དེས།
སྟོང་བའི་དབྱིངས་ཀྱི་ལྷབ་ལྷབ་འདར་བའི་མཆུ་སྒྲོས་ལ་ཅེར་ནས།
ཁྱེད་རང་གཉིད་དུ་ཡུར་རྗེས་ང་རང་སླེབ་འོང་ཟེར།
རླུང་གི་ལག་པས་ཁྱེད་རང་འཆི་བའི་རྒྱ་མའི་སྟེང་དུ་བཞག་པ་ཙམ་གྱིས།
དགོད་སླ་ངུ་སྐྱེན་ཁྱེད་ཀྱི་འཚོ་བའི་གྲིབ་མར་གྱུར།
ཡིན་ཡང་རྣམ་ཤེས་གཅེར་བུ་དག་ཞག་སྡོད་བྱེད་སའི་སྦྲ་རལ་དེ་མི་འདུག
རྟ་ཕོ་གོམ་ལག་བདེ་བ་དག་ལ་ལྕགས་ཀྱི་སྲབ་སྐྱོགས་སྐོན་ནས་འདུག
མེ་ཏོག་སྙིང་ལ་རྗེ་བོ་དག་ལ་རྡུལ་གྱི་དར་ཟབ་གྱོན་ནས་འདུག
ཤེལ་གྱི་གངས་རི་དཀར་པོ་དེའང་སྒྲོན་མེ་མེད་ཚེ་མཐོང་མི་ཐུབ།
སྤྲིན་ནག་འཁྲིག གློག་ཞགས་འཁྱུག
ཆར་བ་ཟམ་ཟིམ་མཚམས་མེད་བབས།
ཁྲ་ཆིལ་དགུ་ཆིལ་ལམ་གྱི་གྲོང་ཁྱེར་ཡིན་པ་ཤེས།
མེ་ལྕེ་སྔོན་མོ་ལས་ཀྱི་བརྩེ་གཞས་ཡིན་པ་ཤེས།
རུས་པ་མཁྲེགས་པོ་རིགས་ཀྱི་འཇོན་ཐང་ཡིན་པ་ཤེས།
གྲི་མདུང་མདའ་མོ་སྐྱོ་བའི་མགུར་མ་ཡིན་པ་ཤེས།

མཉམ་དུ།
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འཕང་མཐོའོ།

བདེ་སྐྱིད་ཚེ་རིང་།
རལ་གྲི་ཡིས་གཤགས་པའི།
མེ་མདའ་ཡིས་བསད་པའི།
སེམས་ཀྱི་ཕོ་ཉ།སེམས་ཀྱི་ཕོ་ཉ།
ལས་ཀྱིས་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་རེད།
མྱུར་འགྱོགས་རླུང་ལས་གྲུབ་པའི།
རལ་གྲི་ཡིས་གཤགས་པའི།
མེ་མདའ་ཡིས་བསད་པའི།
སེམས་ཀྱི་ཕོ་ཉ།
ལས་ཀྱིས་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་རེད།

བདེ་ལེགས་ནོར་བུ།
མགོ་ཐོག་གི་སྤྲིན་ནག་གཡོ་ཞིང་འཁྲིགས་པའི་ཉིན་མཚན་དེ།
འདབ་ཆགས་ཚོགས་བདེ་ལྕག་འཁྱུག་པོར་འཕྲོ་རིམ་འཕྲོ་ལ་འཕུར།
གཤོག་པ་ནག་པོ།
འཆི་ཁར་བློ་ལ་ངེས་དགོས་པའི་གཤོག་པ་ནག་པོ།
ཁྱེད་ལ་འཛུམ་འཛུམ་ང་ལ་འཛུམ་འཛུམ་གྱི་ཤ་སྐྱིའི་སྡུག་བསྔལ་བསྐྱུར་ལ་ཞོག
ང་ཚོར་གླུ་ཡི་འགྱུར་ཁུགས་ཡོད།
འདོད་པའི་སྒྲ་དབྱངས་རྡུལ་གྱི་ཡོ་ལང་ཁྲོད་ནས་འཁྱུག
སྤྲིན་ནག་འཁྲིགགློག་ཞགས་འཁྱུག
ཆར་བ་ཟམ་ཟིམ་མཚམས་མེད་བབས་ཀྱང་།
ང་ཚོར་ཤུགས་ཀྱིས་བརྐྱངས་པའི་སྐར་ཚོམ་གྱི་ཨུ་ཚུགས་ཡོད།
ཁྲག་གི་མེ་ཏོག་འབལ་མཁན་ཀྱི་གཤེད་མ་ཡོད།
རྩྭ་ཐང་ནས་མཁར་གྲོང་དུ་སྤོར་གྱིན་པའི་ནང་མི་གཉོམ་པོ་ཡོད།
ཚ་གྲང་བསྲེས་མ་ལས་གྲུབ་པའི་ཨུཏྤལ་གྱི་གསང་བ་ཡོད།
ཚེས་རིས་འོག་ནས་མེས་པོའི་ཁེར་རྐྱང་གི་གླིང་བུ་དེའི་སྒྲ་དབྱངས་ཐོས་བྱུང་།
རི་མོ་འདི་དག་ནམ་ཡང་དྲན་པའི་ཁྲོད་ན་ཡོད།
འཇིག་རྟེན་བྱེ་མ་བཞིག་ཟགས་ནས་མེད་པར་གྱུར་སོང་།
མིག་ཆུ་ཁྲོམ་ཁྲོམ་གྱི་བརྩེ་བ་སྙིང་རྗེ་ཨང་།
གཏམ་རྒྱུད་གང་རུང་གི་གོ་དོན་བརྗིད་པོ་དེར་བསམ་བློ་ཐོངས་དང་།
མེ་ཏོག་དེ་མཛེས་པའི་རྐྱེན་གྱིས་བཞད་ངེས་ཡིན།
ཉི་འོད་དེ་གསལ་བའི་རྐྱེན་གྱིས་འཆར་ངེས་ཡིན།

མཉམ་དུ།
འཇིག་རྟེན་རྒུད་པའི་ཚུལ་རྟོགས་ནས།
ལྷག་པའི་ཐུགས་དགོངས་སྨིན་འདི་གལ།
ཤ་དང་ཁྲག སྐད་ཡིག མུན་ནག་ཁྲོད་གསོན།
དཀའ་ཚེགས་མེད་པའི་ཡུལ་ཞིག་རྙེད།
འབྱུང་བཞིའི་ཉམས་ལེན་བྱང་ཆུབ་པའི།
མྱང་འདས་ལམ་གྱི་སེམས་འདི་འཁྲུད།
རིགས་ཀྱི་དབུ་འ

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息