ཨ་མའི་མིག་ཆུ

创作翻唱 糌粑萨丶King 第747期 2017-04-14 创建 播放:26156

介绍: ཨ་མའི་མིག་ཆུ།
ཚིག བློ་བཟང་རིན་ཆེན།
དབྱངས། སེ་བོ་བསོད་ནམས་གྲགས་པ།
ལེན་མཁན། སྐལ་བཟང་དབང་མོ། དབང་ཆེན་ལྷ་མོ།

བུ་མོ་ང་བྱིས་པའི་དུས་སུ།
རྟ་ཕོའི་གོང་ལས་ལྷུང་སྟེ་རང་ཚུགས་མི་ཟིན་དུས།
ཨ་མའི་མིག་མཐའ་མཆུ་མས་བཀང་བར་མཐོང་།
མིག་ཆུ་དེ་ཨ་མས་བུ་མོ་ལ་སེམས་ཁྲལ་དང་བྲེལ་བ་འཚུབ་པའི་མིག་ཆུ་རེད།
ཨཱ། ཨ་མ་ལགས། མ་རྗེ་བཙུན་སྒྲོལ་མའི་རྣམ...

介绍: ཨ་མའི་མིག་ཆུ།
ཚིག བློ་བཟང་རིན་ཆེན།
དབྱངས། སེ་བོ་བསོད་ནམས་གྲགས་པ།
ལེན་མཁན། སྐལ་བཟང་དབང་མོ། དབང་ཆེན་ལྷ་མོ།

བུ་མོ་ང་བྱིས་པའི་དུས་སུ།
རྟ་ཕོའི་གོང་ལས་ལྷུང་སྟེ་རང་ཚུགས་མི་ཟིན་དུས།
ཨ་མའི་མིག་མཐའ་མཆུ་མས་བཀང་བར་མཐོང་།
མིག་ཆུ་དེ་ཨ་མས་བུ་མོ་ལ་སེམས་ཁྲལ་དང་བྲེལ་བ་འཚུབ་པའི་མིག་ཆུ་རེད།
ཨཱ། ཨ་མ་ལགས། མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཏེ། སྙིང་རྗེའི་བྱམས་སྐྱོང་། འགྲོ་དོན་གྱི་སེམས་པ། ཁྱེད་ཀྱི་མིག་ཆུ་ང་ཚོའི་ཡོད་ཚད་རེད།
བུ་མོ་ང་འཚར་ལོངས་བྱུང་ནས།
རྟ་ཕོའི་གོང་ལ་བུད་དེ་རྒྱལ་ཁམས་འགྲིམས་དུས།
ཨ་མའི་མིག་མཐའ་མཆུ་མས་བཀང་བར་མཐོང་།
མིག་ཆུ་དེ་ཨ་མས་བུ་མོ་ལ་གསོལ་འདེབས་དང་སྨོན་འདུན་ཞུ་བའི་མིག་ཆུ་རེད།
ཨཱ། ཨ་མ་ལགས། མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཏེ། སྙིང་རྗེའི་བྱམས་སྐྱོང་། འགྲོ་དོན་གྱི་སེམས་པ། ཁྱེད་ཀྱི་མིག་ཆུ་ང་ཚོའི་ཡོད་ཚད་རེད།
བུ་མོ་ངའི་ཕུགས་འདུན་འགྲུབ་སྟེ།
ཤེས་བྱ་ཡི་རླུང་གཤོག་བརྐྱངས་ཏེ་རང་ཡུལ་སླེབས་དུས།
ཨ་མའི་མིག་མཐའ་མཆུ་མས་བཀང་བར་མཐོང་།
མིག་ཆུ་དེ་ཨ་མས་ལོ་མང་ལ་རེ་སྒུག་དང་སེམས་པ་དགའ་བའི་མིག་ཆུ་རེད།
ཨཱ། ཨ་མ་ལགས། མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཏེ། སྙིང་རྗེའི་བྱམས་སྐྱོང་། འགྲོ་དོན་གྱི་སེམས་པ། ཁྱེད་ཀྱི་མིག་ཆུ་ང་ཚོའི་ཡོད་ཚད་རེད། ཁྱེད་ཀྱི་མིག་ཆུ་ང་ཚོའི་ཡོད་ཚད་ཡོད་ཚད་རེད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息