介绍: 《བློ་ཤེས》
ལེན་མཁན:ནོར་བུ་བསམ་གྲུབ (罗布桑珠)
དྲིན་ཆེན་ཕ་མའི་བཀའ་དྲིན་འོག་ལ།
མི་ལུས་རིན་ཆེན་ང་ལ་ཐོབ།
དྲིན་ཆེན་ཕ་མའི་བྱམས་སྐྱོང་འོག་ལ།
ང་ནི་གཅེས་ལང་ཤོར།
སེམས་ནང་ཕ་མའི་དཀའ་དྲིན་མ་བསམ།
ཉིན་ལྟར་ཕྱི་ལ་འཁྱམས་པར་ཕྱིན།
དགོས་པའི་ཤེས་བྱའི་རིག་ལ་མ་བརྩོན།
ཐ་མ་སྦི་རག་ང་ཡིས་སྦྱངས།
ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན...
介绍: 《བློ་ཤེས》
ལེན་མཁན:ནོར་བུ་བསམ་གྲུབ (罗布桑珠)
དྲིན་ཆེན་ཕ་མའི་བཀའ་དྲིན་འོག་ལ།
མི་ལུས་རིན་ཆེན་ང་ལ་ཐོབ།
དྲིན་ཆེན་ཕ་མའི་བྱམས་སྐྱོང་འོག་ལ།
ང་ནི་གཅེས་ལང་ཤོར།
སེམས་ནང་ཕ་མའི་དཀའ་དྲིན་མ་བསམ།
ཉིན་ལྟར་ཕྱི་ལ་འཁྱམས་པར་ཕྱིན།
དགོས་པའི་ཤེས་བྱའི་རིག་ལ་མ་བརྩོན།
ཐ་མ་སྦི་རག་ང་ཡིས་སྦྱངས།
ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན་ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
སློབ་གྲྭར་མ་ཕྱིན་རྒྱག་རེས་བརྒྱབ།
ནང་ལ་ལོག་དངུལ་གཅིག་བརྐུས།
མི་ཡིས་པགས་པས་བཏུམས་པ་ཙམ་ལས།
བསམ་བློ་གཏོང་མི་ཤེས།
ལང་ཚོར་གཅེས་སྤྲས་བྱེད་མི་ཤེས།
ཕ་མར་བསམ་ཤེས་དེ་བས་བྱེད་མི་ཤེས།
ཐ་ན་གང་ཡང་མེད་པའི་ཕན་མེད་ཟོག་རོ་ཞིག་ལྟར།
ཉིན་མཚན་མེད་པར་ཕར་འཁྱམས། ཚུར་འཁྱམས།
ཡང་བསྐོར་རྐྱང་བསྐོར།
དེ་འདྲའི་འཚོ་བ་སྙིང་པོ་གང་ཡོད།
ད་ཆ་ང་ཡིས་ཧ་མི་གོ
བྱམས་དང་དྲོ་བའི་དྲིན་ཆེན་ཕ་མིའ་པང་ནས་ཁ་བྲལ་ནས།
ཟང་ཟིང་གི་སྤྱི་ཚོགས་ཐོག་ཉིན་ལྟར་ཁྱི་སྨྱོན་ལྟར།
འོད་སྣང་མེད་པའི་འཚོ་བའི་ནང་དུ།
འཚར་ལོངས་བྱེད་བཞིན།
རང་ཉིད་ཀྱི་མཐའ་འཁོར་མི་རྣམས་ནི་ཤ་ལ་དགའ་བའི་སྤྱང་ཀི་འདྲ་ལ།
འདྲེ་དང་འདྲ་བའི་གད་མོ་ང་ལ་དགོད་ནས་བསྡད་འདུག
སྐབས་དེར་ངས་ཕྱི་བལྟས་ཤིག་སློག་ནས་བལྟ་དུས།
ཨ་ཙི་དབུ་སྐྲ་རིང་ཞིང་དཀར་པོར་གྱུར་བའི་དྲིན་ཆེན་ཕ་མ་སྤྱན་ཆབ་ལྷུང་ནས་འདུག
དེ་ནས་སེམས་ཐག་བཅད་དེ་སློབ་གྲྭར་འགོ་ནས་ཕྱིན།
འོན་ཀྱང་སྔོན་མའི་སློབ་གྲྭའི་འཚོ་བའི་བྲོ་བ་དེ་ལྟར་བསྡད་མི་འདུག
རྒན་ལགས་རྣམས་ཀྱི་སྤྱན་ན་ང་ནི་སློབ་ཕྲུག་སྡུག་ཅག་ཅིག
སློབ་མ་རྣམས་ཀྱི་མིག་ནང་ང་ནི་སློབ་གྲོགས་སྡུག་ཅག་ཅིག
རོགས་པ་རྣམས་ཀྱི་མིག་ནང་ང་ནི་གྲོགས་པོ་སྡུག་ཅག་ཞིག
དེ་ནས་ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན་ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
མི་ཚེའི་ལམ་བུའི་སྟེང་ལ་འགྲོ་མཁན་གྱི་བུ་ཆུང་ང་ལ།
མ་ཤེས་པ་འཕྲད་སྐབས།
དྲི་སའི་བཤེས་གཉེན་མེད།
རང་གི་སེམས་པ་མཐུན་པིའ་གྲོགས་པོ་ང་ལ་མེད།
སྤུན་མཆེད་རྣམས་ཀྱི་ཡིད་ཆེས་དེ་བས་ང་ལ་མེད།
འདས་ཟིན་པའི་ལོ་ཟླ་དེ་རྣམས་ཕྱིར་ལོག་རྒྱུ་མེད།
མ་འོངས་ཀྱི་དུས་ཚོད་དེ་ལ་འབད་བརྩོན་ཞིག་གྱིས་དང་།
ཚུར་ལ་གསན་དང་།
ང་ཡི་གྲོགས་པོ་གྲོགས་མོས་འབད་བརྩོན་གྱིས་དང་།
ང་ཚོའི་ཕུགས་བསམ་གྱི་ཆེད་དུ་ང་ཚོའི་མདུན་ལམ་འདི་ཡི་ལམ་ཟུར་དེ་ནས།
ང་ཚོར་ལག་གཡུག་བརྒྱབ་བཞིན་འདུག
ཁྱེད་ཚོ་ཁ་ཕྱོགས་ནོར་ནས་མ་ཐད་རོགས།
དེ་ནས་ཡང་ཉིན་གཅིག་ཕྱིན་ཉིན་གཉིས་ཕྱིན་ཉིན་གསུམ་ཉིན་བཞི་ཉིན་ལྔ་ཕྱིན།
ང་ཚོར་དགོས་པའི་དྲོ་བའི་ཉི་མ་ཤར་སོང་།
ཕ་མའི་ཞལ་རས་དགའ་བའི་འཛུམ་མདངས་ཤིག་རྒྱབ་སོང་།
ད་ཆ་ང་རང་འགྲོ་བའི་ལམ་བུ་དེ་ལ།
ང་རང་གཅིག་པུ་མིན་པར།
རང་གི་སེམས་པ་མཐུན་པའི་གྲོགས་པོ་ང་ལ་ཡོད།
སྤུན་མཆེད་རྣམས་ཀྱི་བྱམས་བརྩེའི་སྤྱན་གྱས་གཟིགས་བྱུང་།
བྱས་ཙང་ངའི་རེ་བར་ང་དང་འདྲ་བའི་ན་གཞོན་ཚོ།
གལ་སྲིད་ཁྱེད་ཚོར་སེམས་ཤུགས་ཡོད་ན།
ཁྱེད་རྣམ་པས་ཕྱིན་བལྟས་ཞིག་སློག་དང་།
ཕ་མའི་སྤྱན་ཆབ་དེ་ཕྱིས་དང་།
རང་ཉིད་ཀྱི་ཕུགས་བསམ་ཆེད་དུ་འབད་བརྩོན་ཞིག་གྱིས་དང་།
ཤར་ཕྱོགས་ནས་ཤར་བའི་ཉི་མ་དེ་ཡིས།
ནམ་ཡང་ང་ཚོའི་མདུན་ལམ་དེ་ལ་བལྟས་ནས་བསྡད་ཡོད།
ཤར་ཕྱོགས་རི་བོའི་རྩེ་ནས་ཉི་མ་ཤར་བའི་དུས།
ང་ཡི་མི་ཚེའི་མདུན་ལམ་འཚོལ་ནས་ཡོད།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息