2023佐庆丹真最新单曲《相约在今生》

创作翻唱 多尔桑歌舞电台 第513期 2023-09-12 创建 播放:16399

介绍: ལྷན་འཛོམས་དུང་གི་ཟླ་བ།

相约在今生

གཞས་ཚིག ཞི་བདེ་ཉི་མ།

གཞས་དབྱངས། རྫོགས་ཆེན་བསྟན་འཛིན།

གཞས་པ། རྫོགས་ཆེན་བསྟན་འཛིན།

作词:西德尼玛

作曲:佐庆丹真

演唱:佐庆丹真

གཞས་གཏོང་ན་རི་གསུམ་རྩེ་ནས་གཏོང་། །

རང་མཐོ་གིན་བསམ་ནས་བཏང་བ་མིན། །

ཐང་ཆེ་གི་བསམ་ནས་བཏང་ནི་ཡིན། །

ཐང་ཨ་ལོང་མེ་ལོང་གཡང་ར་ན། །

སྨན་མེ་ཏོ...

介绍: ལྷན་འཛོམས་དུང་གི་ཟླ་བ།

相约在今生

གཞས་ཚིག ཞི་བདེ་ཉི་མ།

གཞས་དབྱངས། རྫོགས་ཆེན་བསྟན་འཛིན།

གཞས་པ། རྫོགས་ཆེན་བསྟན་འཛིན།

作词:西德尼玛

作曲:佐庆丹真

演唱:佐庆丹真

གཞས་གཏོང་ན་རི་གསུམ་རྩེ་ནས་གཏོང་། །

རང་མཐོ་གིན་བསམ་ནས་བཏང་བ་མིན། །

ཐང་ཆེ་གི་བསམ་ནས་བཏང་ནི་ཡིན། །

ཐང་ཨ་ལོང་མེ་ལོང་གཡང་ར་ན། །

སྨན་མེ་ཏོག་འདྲ་ཞིག་ལུས་ནས་ཡོད། །

འདང་ལས་འཕྲོའི་ཚིག་གསུམ་བསྐྱུར་ནས་ཡོད། །

དེ་ཨེ་མཐོང་བསམ་ནས་བལྟས་པ་ཡིན། །

དེའི་ཨེ་གོ་བསམ་ནས་བཏང་བ་ཡིན། །

རི་གསུམ་རྩེ་ཡི་དྲན་པ། །

ཆུ་མོའི་འགྲམ་གྱི་དྲན་པ། །

དྲན་སེམས་རླུང་གི་འཕྲིན་པས།

ཞེ་ལ་དཀྲིས་གསུམ་བརྒྱབ་ཡོང་།།

ལྷན་འཛོམས་དུང་གི་ཟླ་བ།།

མི་ཚེའི་གཡང་ལ་ཤར་ཡོང་།།

གཞས་གཏོང་ན་ཆུ་མོའི་འགྲམ་ནས་གཏོང་། །

རང་སྐྱིད་ཀིན་བསམ་ནས་བཏང་བ་མིན། །

ཆུ་དྭངས་ཀིན་བསམ་ནས་བཏང་བ་ཡིན། །

ཆུ་ཨ་ལོང་མེ་ལོང་རང་འཁྱིལ་ནང་། །

ཞལ་ཟླ་བ་འདྲ་ཞིག་ཤར་ན་བསམ། །

འདང་ཉྭ་མོ་འདྲ་ཞིག་འཁྱུག་ན་བསམ། །

རླབས་ཕར་ལོག་ཚུར་ལོག་བར་གསེང་ནས། །

དེ་ཨེ་མཐོང་བསམ་ནས་སྒུག་ནི་ཡིན། །

དེ་ཨེ་མཇལ་སྨོན་ལམ་བརྒྱབ་ནི་ཡིན། །

རི་གསུམ་རྩེ་ཡི་དྲན་པ། །

ཆུ་མོའི་འགྲམ་གྱི་དྲན་པ། །

དྲན་སེམས་རླུང་གི་འཕྲིན་པས།

ཞེ་ལ་དཀྲིས་གསུམ་བརྒྱབ་ཡོང་།།

ལྷན་འཛོམས་དུང་གི་ཟླ་བ།།

མི་ཚེའི་གཡང་ལ་ཤར་ཡོང་།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息