《ཁམས་ཀྱི་གདན་ས་ཆེན་མོ།》ཤེར་བསྟན།

创作翻唱 Tibet藏印 第511期 2023-08-12 创建 播放:58219

介绍: ཁམས་ཀྱི་གདན་ས་ཆེན་མོ།

 ཚིག མཁན་བཀྲ་བསོ།

 ལེན་མཁན། ཤེར་བསྟན།

 མཚུངས་མེད་བྱམས་དང་བརྩེ་བའི་རྦ་རླབས་གཡོ། །

 ཁྲིམས་གཙང་བང་རིམ་རྣམ་བཞི་བརྟན་ཅིང་མཛེས། །

 བཤད་སྒྲུབ་འཆད་ཉན་ཉི་ཟླའི་རྣ་ཆ་ཅན། །

 བརྗིད་ཆགས་གསེར་གྱི་ལྷུན་པོ་སེར་ཤུལ་དགོན། །

 ཆོས་རྒྱུད་ཕྱོགས་རིས་འཐེན་ཁྱེར་རིང་དུ་དོར། །

 མཐུན་སྒྲིལ་གསེར་གྱི་གཡུང་དྲུ...

介绍: ཁམས་ཀྱི་གདན་ས་ཆེན་མོ།

 ཚིག མཁན་བཀྲ་བསོ།

 ལེན་མཁན། ཤེར་བསྟན།

 མཚུངས་མེད་བྱམས་དང་བརྩེ་བའི་རྦ་རླབས་གཡོ། །

 ཁྲིམས་གཙང་བང་རིམ་རྣམ་བཞི་བརྟན་ཅིང་མཛེས། །

 བཤད་སྒྲུབ་འཆད་ཉན་ཉི་ཟླའི་རྣ་ཆ་ཅན། །

 བརྗིད་ཆགས་གསེར་གྱི་ལྷུན་པོ་སེར་ཤུལ་དགོན། །

 ཆོས་རྒྱུད་ཕྱོགས་རིས་འཐེན་ཁྱེར་རིང་དུ་དོར། །

 མཐུན་སྒྲིལ་གསེར་གྱི་གཡུང་དྲུང་གངས་ལ་བྲིས། །

 སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མཁས་མང་གི །

 རིས་མེད་མཁས་པའི་གདན་ས་སེར་ཤུལ་དགོན། །

 མདོ་སྔགས་རིག་གནས་རིག་པའི་གཞུང་བརྒྱའི་གནད། །

 འཆད་རྩོད་རྩོམ་གསུམ་བྱ་བས་ལོ་ཟླ་སྤྲེལ། །

 སྒོམ་སྒྲུབ་ཉམས་བཞེས་མཛད་པས་ཉིན་མཚན་འཐུད། །

 ངེས་དོན་མཁས་པའི་གདན་ས་སེར་ཤུལ་དགོན། །

 ཡང་དར་བསྟན་པའི་ཉི་མ་འོད་པོ་ཆེ། །

 ཐེག་ཆེན་གླིང་འདིར་ཤར་ནས་བགྲང་བྱ་ཡི། །

 བཞི་བཅུའི་ཐེམ་པ་བརྒལ་བའི་དུས་སྟོན་གྱི། །

 བསྐལ་བཟང་ཉིན་མོ་འདི་ནི་བཀྲ་རེ་ཤིས། །

 དེ་རིང་རྒྱལ་བསྟན་གསེར་གྱི་ཉི་མའི་འོད། །

 འདི་ནས་གངས་ཀྱི་ར་བར་འཁྱུད་པ་འདི། །

 མཐོང་ཚེ་མནའ་དེང་དགོན་འདིའི་བཤེས་གཉེན་ཚོའི། །

 བསྟན་ལ་བརྩོན་པའི་བཀའ་དྲིན་སྙིང་ནས་དྲན་། །

 དེ་བཞིན་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །

 དགོན་འདི་ཡིད་དགའ་ཆོས་འཛིན་གཉིས་པ་རུ། །

 སྒྱུར་མཛད་ཁྲི་བ་ཡིད་བཞིན་ནོར་བུ་དང་། །

 སྨན་ཤུལ་སྐུ་ཕྲེང་རིམ་པའི་བཀའ་དྲིན་དྲན། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息