《སྐྱབས་རྗེ་གཏེར་སྤྲུལ་རིན་པོ་ཆེ།》

创作翻唱 Tibet藏印 第467期 2023-07-04 创建 播放:39688

介绍: སྐྱབས་རྗེ་གཏེར་སྤྲུལ་རིན་པོ་ཆེ།

ཚིག། གངས་དཔལ།

དབྱངས། བསམ་གྲུབ་ཚེ་རིང་།

ལེན་མཁན། བསམ་གྲུབ་ཚེ་རིང་།

ས་འབའ་ཐང་བཀྲ་ཤིས་ཆོས་གླིང་དུ།།

འཇའ་སྣ་ལྔ་འཁྱུག་པའི་གདུགས་འོག་ན།།

ལུང་རྟོགས་པའི་རིན་ཆེན་འོད་གསལ་སྐུ།།

རྗེ་གཏེར་སྟོན་འཇིགས་མེད་སེང་གེ་དཔལ།།

ལམ་གསང་སྔགས་ཆེན་པོའི་གནད་ཟིན་པའི།།

ཡིད་བྱང་ཆུབ་སེམས་དཔའི་ཉམས་རྩལ...

介绍: སྐྱབས་རྗེ་གཏེར་སྤྲུལ་རིན་པོ་ཆེ།

ཚིག། གངས་དཔལ།

དབྱངས། བསམ་གྲུབ་ཚེ་རིང་།

ལེན་མཁན། བསམ་གྲུབ་ཚེ་རིང་།

ས་འབའ་ཐང་བཀྲ་ཤིས་ཆོས་གླིང་དུ།།

འཇའ་སྣ་ལྔ་འཁྱུག་པའི་གདུགས་འོག་ན།།

ལུང་རྟོགས་པའི་རིན་ཆེན་འོད་གསལ་སྐུ།།

རྗེ་གཏེར་སྟོན་འཇིགས་མེད་སེང་གེ་དཔལ།།

ལམ་གསང་སྔགས་ཆེན་པོའི་གནད་ཟིན་པའི།།

ཡིད་བྱང་ཆུབ་སེམས་དཔའི་ཉམས་རྩལ་ཅན།།

ངག་བཟང་སྤྱོད་བཟླས་པ་བདུད་རྩིའི་བཅུད།།

ཆོས་བུམ་བཟང་དངོས་གྲུབ་ཀྱི་ལི་ལི།།

སེང་གངས་རིའི་ལྟོངས་སུ་འཕྱོ་བ་བཞིན།།

ཁྱུང་གནམ་མཁའི་མཐོངས་སུ་འཕུར་བ་བཞིན།།

ཐུགས་མཁྱེན་བརྩེའི་ནམ་མཁའ་ཡངས་པ་ལ།།

ཀློང་ཆེན་པོའི་གདམས་ངག་ཐེབས་པའི་དཔལ།།

དགོངས་རྫོགས་ཆེན་ཡེ་ཤེས་ཟབ་མཔའི་གཏེར།།

སྐུ་དེ་ནི་ཀ་དག་ཡེ་ཤེས་སྐུ།།

གསུང་དེ་ལ་འཕྲིན་ལས་ཆར་རྒྱུན་འཇོ།།

ཐུགས་དེ་ལ་སྙིང་རྗེའི་ཆུ་འཛིན་འཕྱུར།།

རྗེ་བླ་མའི་དྲིན་དང་ཉི་མའི་དྲོད།།

ཡུལ་དམིགས་མེད་སྐྱེ་མགྲོའི་མགོན་དུ་ཤར།།

འཁོར་བུ་སློབ་བསྟན་འཛིན་སྐྱེས་བུའི་སྡེ།།

སྒོམ་མཉམ་བཞག་བསམ་གཏན་འཕེལ་བར་ཤོག།

ཡིད་ཆོས་སྐུ་སངས་རྒྱས་གྲུབ་པར་ཤོག།

ངག་རྟེན་འབྲེལ་ལོངས་སྐུར་གྲུབ་པར་ཤོག།

ལྷ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག།

མ་མཁའ་འགྲོ་ཝེར་མའི་བཀྲ་ཤིས་ཤོག།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息