2023萨克最新单曲《等待》

创作翻唱 多尔桑歌舞电台 第486期 2023-05-27 创建 播放:19591

介绍: སྙིང་ཉེ་ལགས།

སྒེའུ་ཁུང་ཕྱི་རོལ་གྱི་ཉི་འོད་ཤིན་ཏུ་འཇམ།

ཁྱེད་ཀྱིས་ནམ་མཁའ་མཐོང་གི་ཡོད་དམ།

ཕྱི་རོལ་ལ་ཅེར་ནས་དུས་ཡུན་རིང་པོ་འགོར་ན་ཡང་།

ང་ལ་སྙིང་གཏམ་བསྐུར་སའི་སྤྲིན་དཀར་ཞིག་ཀྱང་མི་འདུག

སྙིང་ཉེ་ལགས།

མ་བསམ་བློ་ཡུལ་ལས་འདས་པའི་བར་ཆད་འདི།

ངས་གློ་བུར་དུ་དང་ལེན་བྱེད་ཐུབ་པ་ཞིག་མིན་ན་ཡང་།

ཁྱེད་རང་ནམ་ཞིག་ལ་ཐོན་ཡོ...

介绍: སྙིང་ཉེ་ལགས།

སྒེའུ་ཁུང་ཕྱི་རོལ་གྱི་ཉི་འོད་ཤིན་ཏུ་འཇམ།

ཁྱེད་ཀྱིས་ནམ་མཁའ་མཐོང་གི་ཡོད་དམ།

ཕྱི་རོལ་ལ་ཅེར་ནས་དུས་ཡུན་རིང་པོ་འགོར་ན་ཡང་།

ང་ལ་སྙིང་གཏམ་བསྐུར་སའི་སྤྲིན་དཀར་ཞིག་ཀྱང་མི་འདུག

སྙིང་ཉེ་ལགས།

མ་བསམ་བློ་ཡུལ་ལས་འདས་པའི་བར་ཆད་འདི།

ངས་གློ་བུར་དུ་དང་ལེན་བྱེད་ཐུབ་པ་ཞིག་མིན་ན་ཡང་།

ཁྱེད་རང་ནམ་ཞིག་ལ་ཐོན་ཡོང་སྙམ་པའི་རྨི་ལམ་གྱི་ཁྲོད་ནས།

ངས་ཟླ་བ་རེ་རེ་ཨུ་ཚུགས་ཀྱིས་བསྐྱལ་བཞིན་ཡོད།

སྙིང་ཉེ་ལགས།

རླུང་བུ་འཇམ་པོ་ཡང་ནས་ཡང་དུ་ལྡང་།

ཆར་བ་སམ་སིམ་གྱིས་ངོ་གདོང་བརླན་པར་བྱས།

ཁྱེད་ཀྱིས་མཚན་མོ་འདི་རུམ་ནས་གཉིད་དུ་ཡུར་ཡོད་དམ།

ཁྱེད་ཀྱི་རྨི་ལམ་ནང་ང་རང་འཁོར་གི་ཡོད་དམ།

སྙིང་ཉེ་ལགས།

ཟླ་ངོ་གཉིས་ཀྱི་ཁེར་རྐྱང་གི་མཚན་གཞུང་རེ་རེར།

མིག་ཟུང་བཙུམ་སྟེ་གཉིད་དུ་ཡུར་འདུག་པ་འདྲ་ཡང་།

རང་གི་དབུགས་ཁ་ལེན་པའི་སྒྲ་དབྱངས་ཐོས་ཐེངས་རེ་རེ་ལ།

ངས་ད་གཟོད་རང་ཉིད།

དྲན་གདུང་རུམ་པའི་མུག་ནག་གི་སོ་སྲུང་བ་ཞིག་ཡིན་པ་ཚོར།

ཆར་ཆུས་བརླན་པའི་བྱེའུ་ཆུང་ཆུང་ཞིག་ཡིན་པ་ཤེས།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息