2023罗萨&次成卓玛最新单曲《生命符》

创作翻唱 多尔桑歌舞电台 第483期 2023-05-20 创建 播放:29814

介绍: ཚེ་ཡི་སྲུང་མདུད།

生命符

གཞས་ཚིག ཚེ་ཤུལ་བསྟན་པའི་སྒྲོན་མེ།

གཞས་དབྱངས། བློ་གསལ།

ལེན་མཁན། བློ་གསལ། ཚུལ་ཁྲིམས་སྒྲོལ་མ།

སྐྱིད་ན་འཛུམ་དཀར་བཞད་སའི་རྩྭ་ཐང་ཡིན།

སྡུག་ན་སྨྲེ་ངག་འདོན་སའི་ནམ་མཁའ་ཡིན།།

སྐྱིད་སྡུག་མི་རྟག་འཇིག་རྟེན་མི་ཡུལ་ནས།།

ལོ་ཟླ་རླུང་གིས་བསྐྱོད་པའི་ཚེ་རབས་ལ།།

འདང་འདུན་མཚོ་མོ་འདྲེས་པའི་...

介绍: ཚེ་ཡི་སྲུང་མདུད།

生命符

གཞས་ཚིག ཚེ་ཤུལ་བསྟན་པའི་སྒྲོན་མེ།

གཞས་དབྱངས། བློ་གསལ།

ལེན་མཁན། བློ་གསལ། ཚུལ་ཁྲིམས་སྒྲོལ་མ།

སྐྱིད་ན་འཛུམ་དཀར་བཞད་སའི་རྩྭ་ཐང་ཡིན།

སྡུག་ན་སྨྲེ་ངག་འདོན་སའི་ནམ་མཁའ་ཡིན།།

སྐྱིད་སྡུག་མི་རྟག་འཇིག་རྟེན་མི་ཡུལ་ནས།།

ལོ་ཟླ་རླུང་གིས་བསྐྱོད་པའི་ཚེ་རབས་ལ།།

འདང་འདུན་མཚོ་མོ་འདྲེས་པའི་སེམས་ཀྱི་མི།།

ཁྱོད་ནི་དུས་གསུམ་ཀུན་ཏུ་འགྱུར་མེད་ཀྱི།།

ང་ཡི་ཁ་ཚིག་ནང་གི་རི་མོ་ཡིན།།

ང་ཡི་ལས་ཀྱི་མེ་ཏོག་ཁྱོད་རང་ཡིན།།

སེམས་ཀྱི་གསང་བའི་མནའ་ཚིག་ང་ལ་དགོས།

ལས་མཐུན་ལམ་གྱི་མི་ཚེ་མཉམ་བཅོལ་ཡིན།།

རྒྱལ་ན་སྤོབས་པའི་རི་རྒྱལ་ལྷུན་པོ་ཡིན།།

ཕམ་ན་སེམས་ངལ་གསོ་བའི་སྨན་མཆོག་ཡིན།།

རྒྱལ་ཕམ་མང་བའི་མི་ཚེའི་གྲུ་ཀ་ནས།།

ལས་ལམ་འཇའ་ཚོན་དེད་པའི་སྐྱེ་བ་ལ།།

ཞེ་སེམས་དུང་བ་དམར་བའི་སེམས་ཀྱི་མི།

ཁྱོད་ནི་དུས་གསུམ་ཀུན་ཏུ་འགྱུར་མེད་ཀྱི།།

ང་ཡི་ཚེ་རབས་འདི་ཡི་རྒྱན་ཆ་ཡིན།།

ང་ཡི་སྙིང་གི་མེ་ལོང་ཁྱོད་རང་ཡིན།།

ཕྱི་ཐག་དམ་བཅའི་སྨོན་ལམ་ང་ལ་དགོས།།

གཏན་གྱི་འདུན་མའི་སྨོན་ལམ་མཉམ་བཅོལ་ཡིན།།

དགའ་ན་འཛུམ་གྱི་པད་མོ་བཞད་ས་ཡིན།།

སྐྱོ་ན་སྨྲེང་བའི་གླུ་ཆུང་ལེན་རོགས་ཡིན།།

དགའ་སྐྱོ་འདྲེས་མའི་འཁོར་བའི་རི་གྲོང་ནས།།

ཞེ་འདང་སྨོན་ལམ་འགྲིག་པའི་བསྐལ་བ་ལ།

སྣང་བའི་ལས་ལམ་གཅེས་པའི་སེམས་ཀྱི་མི།།

ཁྱོད་ནི་དུས་གསུམ་ཀུན་ཏུ་འགྱུར་མེད་ཀྱི།།

ང་ཡི་དྲན་པའི་ནང་གི་ནོར་བུ་ཡིན།།

ང་ཡི་སྐྱེ་བ་འདི་ཡི་བསོད་ནམས་ཡིན།།

ཁ་སེམས་མཐུན་པའི་བརྩེ་དུང་ང་ལ་དགོས།།

ཚེ་རབས་ལས་ཀྱི་བསྐོས་ཐང་མཉམ་བཅོལ་ཡིན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息