共科甲 - 孤独的岁月

创作翻唱 划破天边的音符 第952期 2023-05-10 创建 播放:14888

介绍: ༡

ཁེར་རྐྱང་གི་རྨི་ལམ་འཁུར་ནས།།

རྒྱང་རིང་ལ་འཕུར་དགོས་བསམ་ཡང་།།

རླུང་བུ་ཡི་ཙག་ཁ་རྒོད་པས།།

རྨི་ལམ་གྱི་གཤོག་པ་འཁེངས་སོང་།།

དུས་ཚོད་ཀྱིས་ཡང་ཡང་བདས་ནས།།

ལོ་ཟླ་དག་ཕར་ལ་འདས་ཏེ།།

མི་ཚེ་ཡི་ཕྱེད་ཀ་ཚར་ཡང་།།

འཆི་བ་ལ་སྐྲག་སྣང་མི་འདུག།



ཁེར་རྐྱང་གི་གྲིབ་མ་དྲུད་ནས།།

རྒྱང་རིང་ལ་འགྲོ་དགོས་བསམ་ཡང་།།

རླུང་བུ་ཡིས་སེམ...

介绍: ༡

ཁེར་རྐྱང་གི་རྨི་ལམ་འཁུར་ནས།།

རྒྱང་རིང་ལ་འཕུར་དགོས་བསམ་ཡང་།།

རླུང་བུ་ཡི་ཙག་ཁ་རྒོད་པས།།

རྨི་ལམ་གྱི་གཤོག་པ་འཁེངས་སོང་།།

དུས་ཚོད་ཀྱིས་ཡང་ཡང་བདས་ནས།།

ལོ་ཟླ་དག་ཕར་ལ་འདས་ཏེ།།

མི་ཚེ་ཡི་ཕྱེད་ཀ་ཚར་ཡང་།།

འཆི་བ་ལ་སྐྲག་སྣང་མི་འདུག།



ཁེར་རྐྱང་གི་གྲིབ་མ་དྲུད་ནས།།

རྒྱང་རིང་ལ་འགྲོ་དགོས་བསམ་ཡང་།།

རླུང་བུ་ཡིས་སེམས་པ་རྨས་ནས།།

སྐྱོ་གདུང་གི་ནམ་མཁའ་ངུས་བྱུང་།།

ཉི་ནུབ་ལ་སེམས་པ་གླེན་ཏེ།།

འདས་དོན་དག་ཐེངས་གཅིག་དྲན་རྗེས།།

མི་ཡུལ་གྱི་སྨག་རུམ་ནང་ནས།།

སྐྱོ་བ་ཞིག་ངང་གིས་འཁོར་བྱུང་།།



དུས་ཚོད་ལ་ཕྱིར་འོང་མེད་ཀྱང་།།

རེ་འབྲས་ཤིག་སྟོང་བར་ལྷག་པས།།

འདས་དོན་གྱི་ལོ་ཟླའི་རྗེས་སུ།།

འགྱོད་གདུང་གི་སེམས་པ་ངུས་བྱུང་།།

ཁེར་རྐྱང་གི་གཤོག་པ་རྡེབ་ནས།།

ཉི་ནུབ་དག་མིག་གིས་འཚོ་དུས།།

ཞེན་ཆགས་ཀྱི་སེམས་པ་སྙི་མོ།།

ཁེར་རྐྱང་གི་སྨུག་པས་བཏུམས་བྱུང་།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息