《གདོང་འབག་མཐུག་པོ།》

创作翻唱 Tibet藏印 第418期 2023-04-07 创建 播放:50251

介绍: གདོང་འབག་མཐུག་པོ།

གཞས་ཚིག་རྩོམ་པ་པོ། བེ་དུང་།

གཞས་དབྱངས་རྩོམ་པ་པོ། དགེ་བྷེ།

གཞས་ལེན་མཁན། དགེ་བྷེ།

དུས་རབས་མེ་ལོང་ངོས་རེད།།

གཡོ་བཙོང་གཡོ་འཁྲབ་ཐན་རེད།།

གདོང་འབག་མཐུག་པོ་ཀོ་རེད།།

མནའ་ཆེན་བཟའ་བའི་དུས་རེད།།

དྲ་ཐོག་རྙོག་དྲའི་མཛོད་རེད།།

ཁ་འཛིང་ཚིག་འཛིང་བཙོག་རེད།།

ཧམ་སེམས་ཆེ་བས་སྨྱོས་རེད།།

དྲག་རྒྱུ་...

介绍: གདོང་འབག་མཐུག་པོ།

གཞས་ཚིག་རྩོམ་པ་པོ། བེ་དུང་།

གཞས་དབྱངས་རྩོམ་པ་པོ། དགེ་བྷེ།

གཞས་ལེན་མཁན། དགེ་བྷེ།

དུས་རབས་མེ་ལོང་ངོས་རེད།།

གཡོ་བཙོང་གཡོ་འཁྲབ་ཐན་རེད།།

གདོང་འབག་མཐུག་པོ་ཀོ་རེད།།

མནའ་ཆེན་བཟའ་བའི་དུས་རེད།།

དྲ་ཐོག་རྙོག་དྲའི་མཛོད་རེད།།

ཁ་འཛིང་ཚིག་འཛིང་བཙོག་རེད།།

ཧམ་སེམས་ཆེ་བས་སྨྱོས་རེད།།

དྲག་རྒྱུ་མེད་པའི་ནད་རེད།།

རྫུན་མའི་བསྒྲགས་གཏམ་རླུང་རེད།།

གླེན་རྟགས་ཁྲི་མ་འབུམ་རེད།།

རང་རིགས་བརླག་ན་མཚང་རེད།།

རང་ཉིད་རྩེད་ཆས་ཤིག་རེད།།

སྐྱ་སེར་ཕོ་མོ་རྨོངས་རེད།།

ངོ་ཚ་བོར་བའི་དུས་རེད།།

བརྡ་འཕྲིན་དར་བའི་དུས་རེད།།

འཇིག་རྟེན་ཁ་འཁྲུག་གླིང་རེད།།

ཁ་སེམས་འགལ་བའི་སྐབས་རེད།།

ཆོ་འཕྲུལ་སྒྱུ་མའི་གར་རེད།།

ཕྲག་དོག་དུག་གི་མདའ་རེད།།

ཕྱོགས་ཞེན་ཆེ་བའི་དུས་རེད།།

འཕུང་དཀྲུག་མི་ཚོགས་བཟི་རེད།།

རྒྱུ་ཡི་བྲན་གཡོག་མང་རེད།།

ཕྱུག་པོར་རྔ་མ་གཡུགས་རེད།།

དབུལ་བོར་སྣང་མེད་འཇོག་རེད།།

མི་གཤིས་འགྱུར་བའི་དུས་རེད།།

རྫིག་མདོག་ཁ་པོ་སྟོན་རེད།།

ཁྲམ་པ་ཁྲེལ་མེད་བཅའ་རེད།།

རང་མྱིའི་སྟེང་ལ་ཐོག་རེད།།

མི་ཁ་སྐྲག་སའི་ལམ་རེད།།

ཁ་ཡག་སྐམ་པོ་ཚིག་རེད།།

མི་སེམས་རྩྭ་རུ་འགྱུར་རེད།།

བརྩེ་བ་རླུང་ལ་སྐུར་རེད།།

རང་ཚུགས་མེད་ནོ་སྐྱོན་རེད།།

རང་སེམས་གསོད་པའི་གཞི་རེད།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息