创作翻唱 谢旦// Sherten 第8期 2023-04-03 创建 播放:7292

介绍: 算了吧
སྐྱུར་ར་ཐོངས།
词:谢担
ཚིག ཤེར་བསྟན།
曲:谢担
དབྱངས། ཤེར་བསྟན།
演唱:谢担
ལེན་མཁན། ཤེར་བསྟན།

་ ་ ་
གྱོད་དང་ཁ་མཆུ་སློང་མཁན་དཔའ་བོ་མིན།།

རྡུང་རེས་གསོད་རེས་བྱེད་མཁན་བུ་རྒོད་མིན།།

ཕུ་ནུ་ནང་འཁྲུག་རྒྱག་མཁན་ངར་བ་མིན།།

ངོ་ཞིག་ཚ་རྒྱུ་ཡོད་ན་སྐྱུར་ར་ཐོངས།།

་ ་ ་
རྩྭ་ས་རྩོད་གླེང་མི་བདེའི་གཞི་མ་ཡིན།།

ཁ་ཡིག་གཏམ་འ...

介绍: 算了吧
སྐྱུར་ར་ཐོངས།
词:谢担
ཚིག ཤེར་བསྟན།
曲:谢担
དབྱངས། ཤེར་བསྟན།
演唱:谢担
ལེན་མཁན། ཤེར་བསྟན།

་ ་ ་
གྱོད་དང་ཁ་མཆུ་སློང་མཁན་དཔའ་བོ་མིན།།

རྡུང་རེས་གསོད་རེས་བྱེད་མཁན་བུ་རྒོད་མིན།།

ཕུ་ནུ་ནང་འཁྲུག་རྒྱག་མཁན་ངར་བ་མིན།།

ངོ་ཞིག་ཚ་རྒྱུ་ཡོད་ན་སྐྱུར་ར་ཐོངས།།

་ ་ ་
རྩྭ་ས་རྩོད་གླེང་མི་བདེའི་གཞི་མ་ཡིན།།

ཁ་ཡིག་གཏམ་འཆལ་འཕུང་འདྲེའི་རྩ་བ་ཡིན།།

སྣང་བ་རྩོད་རེས་གྱོད་ཀྱི་སྣ་འདྲེན་ཡིན།།

འདང་ཞིག་རྒྱག་རྒྱུ་ཡོད་ན་སྐྱུར་ར་ཐོངས།།

་ ་ ་
གྲུབ་མཐའ་བརྩད་ནས་ཡོང་རྒྱུ་མ་ཡོད་ཐ།།

ཆོས་ལུགས་སྣོག་ནས་དགེ་མཚན་མ་རྒྱས་ཐ།།

ལྟ་བ་བརྩད་ནས་རྒྱལ་ཁ་མ་བླངས་ཐ།།

བོད་པའི་ནང་འཁོན་འདི་དག་སྐྱུར་ར་ཐོངས།།

་ ་ ་
གྲྭ་གྲོང་བསམ་བློ་འཐེན་འཁྱེར་གྱོད་ལ་ཐུག།

གསར་རྙིང་ལྟ་བ་འགལ་འདུ་དམེ་ལ་ཐུག།

ཆོས་སྲིད་ལམ་ལུགས་འཇོག་སྟངས་འཁོན་ལ་ཐུག།

ཤེས་ལྡན་པ་ཚོས་འདི་དག་སྐྱུར་ར་ཐོངས།།

་ ་ ་
སྒེར་གཅོད་པ་ཞེས་སེམས་པ་སྡང་བཞིན་ཡོད།།

ལྟ་ལོག་པ་ཞེས་སེམས་པ་ཁྲོ་བཞིན་ཡོད།།

དབུས་ལམ་སྐྱ་བོ་རྡོག་པའི་མ་ནོན་ན།།

ཐབས་སྡུག་འཁོན་འཛིང་འདི་དག་སྐྱུར་ར་ཐོངས།།

不是写的错别字,而是审核需要,致歉

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息