阿里姑娘(三智才让)

创作翻唱 三智才让网易平台部落 第45期 2023-03-31 创建 播放:36286

介绍: གུ་གེའི་ཚེ་རིང་རྨ་བྱ།古格次仁玛雅
     
  作词:岗华  གངས་དཔལ་གྱིས་ཚིག་བརྩམས།
     
 作曲:三智མགར་བསམ་འགྲུབ་ཚེ་རིང་གིས་དབྱངས་བརྩམས།
   
  演唱:三智མགར་བསམ་འགྲུབ་ཚེ་རིང་གིས་གཞས་བླངས།

རྩིག་པ་མཚལ་གྱི་མཁར་ལ།།
རྒྱ་ཕིབས་ཉི་ཟླའི་ནོར་བུ།།
གཟིམ་ཆུང་བྱུ་རུའི་སྒོ་མོ།།
ཁྱུང་གི་ཝེར་མས་སྲུང་ཡོད།།
གྲུམ་ཙེ་གཡུང་དྲུང་ཆོས་སྐོ...

介绍: གུ་གེའི་ཚེ་རིང་རྨ་བྱ།古格次仁玛雅
     
  作词:岗华  གངས་དཔལ་གྱིས་ཚིག་བརྩམས།
     
 作曲:三智མགར་བསམ་འགྲུབ་ཚེ་རིང་གིས་དབྱངས་བརྩམས།
   
  演唱:三智མགར་བསམ་འགྲུབ་ཚེ་རིང་གིས་གཞས་བླངས།

རྩིག་པ་མཚལ་གྱི་མཁར་ལ།།
རྒྱ་ཕིབས་ཉི་ཟླའི་ནོར་བུ།།
གཟིམ་ཆུང་བྱུ་རུའི་སྒོ་མོ།།
ཁྱུང་གི་ཝེར་མས་སྲུང་ཡོད།།
གྲུམ་ཙེ་གཡུང་དྲུང་ཆོས་སྐོར།།
གདན་ལ་ཞབས་བཅག་གནོངས་དང།།
ཧོ་ཨོ། 
ཚེ་རིང་རྨ་བྱའི་སྲས་མོ།།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
ཡེ། 
གསེར་གྱི་སྒྲོ་མདོངས།གསེར་གྱི་སྒྲོ་མདོངས། 
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
ཚེ་རིང་རྨ་བྱའི་སྲས་མོ།།
གསེར་གྱི་སྒྲོ་མདོངས་ཤིག་ཤིག།
སྒྲོ་མདོངས་ཤིག་ཤིག།


རྣ་གཡུ་མེ་ཙག་ཡག་བྱུང་།།
དུང་སྐེད་འབུར་མ་ཡག་བྱུང་།།
ལྷམ་སྒྲོག་འཇའ་མ་ཡག་བྱུང་།།
ཁ་འབྲས་ཡིད་ལ་སྨིན་བྱུང་།།
གནམ་ལ་རྨུ་ཐག་འཐེན་ནས།།
སྐར་མ་ལེན་ཐབས་ཡོད་ན།།
ཧོ་ཨོ། 
སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།།
སྐར་རྒྱན་ང་ཡིས་འབུལ་འདོད།།
ཡེ། 
སྐར་ཕྲན་ལ་སུམ་བརྒྱ། 
སུམ་བརྒྱ་ལ་དྲུག་ཅུའི།།
སྐར་ཕྲན་སུམ་བརྒྱ་དྲུག་ཅུའི།།
སྐར་རྒྱན་ང་ཡིས་འབུལ་འདོད། ། 

གུ་གེའི་བྱེ་མའི་གཞུང་ལ།།
འདུག་འདོད་ཞེ་ལ་མེད་ཀྱང་།།
ཁ་ཆད་ལས་འཕྲོའི་དབུ་མནའ།།
རྡོ་ཡི་མཁར་ལ་བཞེངས་ཡོད།།
ལྡེ་གཙུག་ཁྲོས་པའི་བཀའ་ལ།།
ཞལ་ལྕེ་སྒྲོག་དགོས་བབས་ན།།
ཧོ་ཨོ། 
སྐྱེ་བ་བརྗེ་དགོས་ཞུས་ཀྱང་།།
འཁུར་དགོས་བྱུང་བ་ལས་རེད།།
ཡེ། 
སྐྱེ་བ་བརྗེ་དགོས།
བརྗེ་དགོས་ཞུས་ཀྱང་།།
འཁུར་དགོས་བྱུང་བ་ལས་རེད།།
སྐྱེ་བ་བརྗེ་དགོས་ཞུས་ཀྱང་།།
འཁུར་དགོས་བྱུང་བ་ལས་རེད།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息