介绍: 感谢大家对小弟一直以来的支持!
བུ་ པ་པས་རང་ལ་གལ་སྤྲད་ཐུབ་མ་སོང་ ལག་ཙལ་དེ་འདྲ།
འཁང་ར་ཅའ་མ་བྱེད་རོག་བྱེད་ སེར་སྣ་བྱས་པ་དེ་འདྲ་མིན།
ལུང་པ་དེའི་དང་པོ་སླེབས་དུས་ཚང་མ་འགོ་ནས་བྱས་འགོ་འཛུགས།
སྐྱེས་བ་ད་མ་སོང་ནས་ལས་གསར་པ་གཅིག་ལེན་པ་དང་ཆ།
ཕར་ཚུར་ལ་བཤད་བའི་སྐད་དེ་ལས་གོ་བརྡ་མི་འཕྲོད།
དཀའ་ངལ་དང་དཀའ་ལས་མང་པོ་ཕྲད་པའི་མ་ཚད།
...

ཚང་མ་སོ་སོས་ མ་བྱས་ན་ཁྱད་བསད།
སྡུག་བསྔལ་བྱས་ཕན་ཐོག་མིན་འདུག།
མིག་ཆུ་ཕར་ཕྱིས་བྱས་མུ་མཐུད་མ་ཕྱིན་ན་རོགས་པ་བྱེད་མཁན་ཁག་པོ།
ཟ་ཁང་དང་གསང་སྤྱོད་བཀྲུ་བར། ཞབས་ཞུ་དང་མི་གཡོག་རྒྱུག་བར།
དེ་ཚོ་ཚང་མ་པ་པའི་ངོས་ནས་བཤད་ན་ཕྱིན་ཚར་པའི་ལོ་རྒྱུས་།
དེ་ནས་བྱས་རིམ་བཞིན་རིམ་བཞིན་འཚོ་བའི་སྒང་ལ་ཡར་རྒྱས་འགྲོ་དུས་།
རང་དང་གཅུང་པོ་ངའི་བློ་ཆགས་སའི་ནང་མི་ཆགས་།
པ་པའི་སེམས་ནང་སེམས་ཆགས་སའི་ནོར་བུ་དགོས་འདོད་ཀུན་འབྱུང་།
རྗེས་མ་ཆེན་པོ་ཆགས་དུས་མིའི་དཀྱིལ་ནས་ཕུལ་ཆགས་ན་ཡག་ཤོས་དང་། དེ་འདྲ་མ་བྱུང་ནའི་ སེམས་བཟང་པོ་ ཞི་འཇམ་པོ་
སྤྱི་དང་མཐུན་པ་འགྲོ་ཐུབ་ན་རང་ལ་གྱོང་གལ་མས་ ངའི་བུ།
གནས་ཚུལ་ག་རེད་ཐུག་ནའི་སེམས་མནན་བསམ་བློ་བཏང་
ཚ་གེ་ཚི་གེ་དོན་དག་འཁྲུགས་མཁན་འདྲེ་མོ་རེད་
སྒྱིད་ལ་ངན་པོའི་མི་དེ་ག་དུས་ཡིན་ནའི།
བརྩོན་འགྲུས་ཅན་གྱི་རྒྱབ་ལ་ལུས་རྒྱུ་པད་ཀོག་རེད།
གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་ཀ་མིའི་སྤྱི་ཚོགས་ནང་ལ་ཡིན་དུས་།
ཤེས་བྱ་ཡོན་ཏན་རང་གི་མ་འོངས་པའི་ལམ་རེད།
མི་གཞན་ནང་བཞིན་རང་ལ་སྤོ་བོ་ལགས་དང་རྨོ་བོ་ལགས་ཡིས་སློབ་གྲྭའི་སྒོ་འགྲམ་ལ་ལེན་པར་ཕེབས་མཁན་ཡོད་མ་རེད།
དུས་ཆེན་དང་ལོ་གསར་ལ་སྤུན་མཆེད་ཚོ་འཛོམས་པའི་སྤྲོ་སྣང་དེ་རང་ལ་ཆད་ཡོད་ནའི་ མཐོང་མྱོང་མེད་ནའི་
དགུ་ཐུག་ལ་ཤོག་སྦག་སྤར་མྱོང་མེད་ནའི་རང་ལ་ད་དུང་ང་ཉིད་ཡོད་རེད།འཁང་ར་མ་བྱེད།
སྤྱི་ཚོགས་ཀྱི་གནས་སྟངས་དེ་འདྲ་སོང་ཙང་ང་ཚོའོ་ཐབས་ཤེས་གལ་ཡོད་མ་རེད། དེ་ལའི་ངའི་བུ།
པ་པ་དང་རང་གི་དཔུང་པའི་སྒང་ལ་འགན་གཅིག་འཁྲི་བསྡད་ཡོད་རེད།
རེ་བ་ལ་རང་གིས་ང་ནང་བཞིན་བོད་སྐད་ཙང་མ་གཅིག།
སེམས་ཤུགས་དེ་རྒྱུན་ཁྱོངས་བྱེད། ལ་རྒྱ་དེ་མ་ཆད་ཞིག།
གང་རེད་ཟེར་ལབ་ན་ང་ཚོ་ཙམ་པ་ཟས་འཚར་ལོངས་པའི་རྒྱུད་རྩ་རེད།
དེ་འདྲ་བྱས་གཡུག་ཞག་གི་མ་རེད་དཀའ་ངལ་ག་ཚོད་འཕྲད་ཡོད་ནའི།
མི་བླ་སྡར་བ་དེ་ཚོས་ལམ་ཀ་བཀག་ཡ་ལ་འགྱུར་ཡ་ཅི་ཡང་ཡོད་མ་རེད།
སྤྱིར་བཏང་པ་པས་དེ་ལ་གཞས་མ་གཏམ་དེ་བརྒྱུད་བྱས་བཤད།
རང་གིས་མ་འོངས་ལམ་ཀ་དེའི་སྒང་ལ་ཐག་དེ་བཅད།
ཤར་ཕྱོགས་སྤྲིན་ནག་མུན་པ་བུ་རང་དུས་ལ་ཡོངས་སུ་ཡལ་།
དྲོ་སྐྱིད་ཀྱི་ཉི་མའི་འོད་ཟེར་བུ་རང་དུས་ལ་ཡོངས་སུ་གསལ་།
གནས་ཚུལ་ག་རེད་ཐུག་ནའི་སེམས་མནན་བསམ་བློ་བཏང་
ཚ་གེ་ཚི་གེ་དོན་དག་འཁྲུགས་མཁན་འདྲེ་མོ་རེད་
སྒྱིད་ལ་ངན་པོའི་མི་དེ་ག་དུས་ཡིན་ནའི།
བརྩོན་འགྲུས་ཅན་གྱི་རྒྱབ་ལ་ལུས་རྒྱུ་པད་ཀོག་རེད།
གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་ཀ་མིའི་སྤྱི་ཚོགས་ནང་ལ་ཡིན་དུས་།
ཤེས་བྱ་ཡོན་ཏན་རང་གི་མ་འོངས་པའི་ལམ་རེད།
སྤྱིར་བཏང་པ་པས་དེ་ལ་གཞས་མ་གཏམ་དེ་བརྒྱུད་བྱས་བཤད།
རང་གིས་མ་འོངས་ལམ་ཀ་དེའི་སྒང་ལ་ཐག་དེ་བཅད།
ཤར་ཕྱོགས་སྤྲིན་ནག་མུན་པ་བུ་རང་དུས་ལ་ཡོངས་སུ་ཡལ་།
དྲོ་སྐྱིད་ཀྱི་ཉི་མའི་འོད་ཟེར་བུ་རང་དུས་ལ་ཡོངས་སུ་གསལ་།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息