介绍: 作词 : 旺千成利
作曲 : 白日然珠A
ཀི་ཀི་བསྭོ་བསྭོ།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ཨོ་་་་་་འོ་་་་་་་ཧོ་་་་་་
སྲིད་ཞིའི་གཙུག་རྒྱན་ཕན་བདེ་འབྱུང་བའི་གཏེར།།
དགེ་ལེགས་མཚན་དཔེའི་སྟོང་གི་འོད་དཀར་ཅན།།
རིགས་གསུམ་གཅིག་བསྡུས་མཚོ་སྐྱེས་སྤྲུལ་བའི་གར།།
མི་དབང་སྐྱེས་མཆོག་སེང་ཆེན་དགྲ་འདུལ་རྒྱལ།།
ཨོ་་་་་་འོ་་་་་་་ཧོ་་་་...
介绍: 作词 : 旺千成利
作曲 : 白日然珠A
ཀི་ཀི་བསྭོ་བསྭོ།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ཨོ་་་་་་འོ་་་་་་་ཧོ་་་་་་
སྲིད་ཞིའི་གཙུག་རྒྱན་ཕན་བདེ་འབྱུང་བའི་གཏེར།།
དགེ་ལེགས་མཚན་དཔེའི་སྟོང་གི་འོད་དཀར་ཅན།།
རིགས་གསུམ་གཅིག་བསྡུས་མཚོ་སྐྱེས་སྤྲུལ་བའི་གར།།
མི་དབང་སྐྱེས་མཆོག་སེང་ཆེན་དགྲ་འདུལ་རྒྱལ།།
ཨོ་་་་་་འོ་་་་་་་ཧོ་་་་་་
མཛད་ཕྲིན་ཉི་མའི་འོད་སྟོང་འབར།།
ཨོ་་་་་་འོ་་་་་་་ཧོ་་་་་་
ངོ་མཚར་རྫུ་འཕྲུལ་དྲག་པོའི་དམག་དཔུང་གིས།།
ལོག་སྨོན་བདུད་སྡེའི་དཔུང་ཚོགས་ཆམ་ལ་ཕབ།།
དགོས་འདོད་ནོར་གྱི་གཏེར་ཁ་བོད་ལ་དྲངས།།
ཡིད་བཞིན་བསམ་འཕེལ་དབང་གི་ནོར་བུ་རྒྱལ།།
ཨོ་་་་་་འོ་་་་་་་ཧོ་་་་་་
ཆབ་དཔལ་རིག་པའི་དཔལ་ཡོན་རྒྱས།།
ཨོ་་་་་་འོ་་་་་་་ཧོ་་་་་་
འཛམ་གླིང་ཡངས་པའི་འཛིན་མའི་ཁྱོན་ཀུན་ཏུ།།
དཔའ་བོའི་གྲགས་སྙན་འབྲུག་སྒྲས་ས་གསུམ་ཁྱབ།།
བདེ་སྐྱིད་རྫོགས་ལྡན་གསར་བ་མགྲོན་དུ་བསུས།།
མ་སེང་དོན་གྲུབ་ཝེར་མ་དཀར་པོ་རྒྱལ།།
ཨོ་་་་་་འོ་་་་་་་ཧོ་་་་་་
ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།།
ཨོ་་་་་་འོ་་་་་་་ཧོ་་་་་་
འོག་མིན་དཔལ་རི་པདྨ་འོད་ཀྱི་ཞིང་།།
བརྗིད་ཆགས་སྐུ་མཁར་སེང་འབྲུག་སྟག་རྩེ་ནས།།
གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱིས།།
དཀར་ཕྱོགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།།
ཨོ་་་་་་འོ་་་་་་ཧོ་་་་་་
དཀར་ཕྱོགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།།
ཀི་ཀི་བསྭོ་བསྭོ།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ལྷ་རྒྱལ་ལོ།།
ཨོ་་་་་་འོ་་་་་་་ཧོ་་་་་་
རྩ་གསུམ་དགྲ་ལྷའི་བྱིན་རླབས་འཁྲིགས་པའི་གནས།།
སྐྱིད་ཀྱི་ལྷ་མཁར་ལྡེམ་པའི་ཕོ་བྲང་ནས།།
ཡབ་ཆེན་སེང་བློན་རྒྱལ་པོ་འཁོར་བཅས་ཀྱིས།།
སྨུག་པོ་གདུང་གི་མངའ་ཐང་གཟི་བྱིན་བསྐྱེད།།
ཨོ་་་་་་འོ་་་་་་ཧོ་་་་་་
སྨུག་པོ་གདུང་གི་མངའ་ཐང་གཟི་བྱིན་བསྐྱེད།།
ཨོ་་་་་་འོ་་་་་་་ཧོ་་་་་་
མཁའ་སྤྱོད་མཐོང་བ་ཀུན་སྨོན་གླིང་ཡུལ་ནས།།
དགྲ་ལྷ་ཝེར་མ་དཔའ་རྟུལ་བརྒྱད་ཅུ་དང་།།
དྭངས་སྨན་ཌཱ་ཀི་མཁའ་འགྲོའི་བདེ་ཚོགས་ཀྱིས།།
ཕྱོགས་ལས་རྣམ་པར་རྒྱལ་བའི་དར་ཆེན་ཕྱོར།།
ཨོ་་་་་འོ་་་་་་ཧོ་་་་་་
ཕྱོགས་ལས་རྣམ་པར་རྒྱལ་བའི་དར་ཆེན་ཕྱོར།།
ཨོ་་་་་་འོ་་་་་་་ཧོ་་་་་་
བསྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་སོགས།།
གླིང་ཡུལ་སྐྱོང་བའི་ལྷ་ཀླུ་དྲེགས་ལྡན་དང་།།
བདུད་འདུལ་དགྲ་ལྷ་ཝེར་མའི་ལྷ་ཚོགས་ཀྱིས།།
སྙན་གྲགས་རླུང་རྟའི་བ་དན་ཡར་ལ་བསྟོད།།
ཨོ་་་་་འོ་་་་་་ཧོ་་་་་་
སྙན་གྲགས་རླུང་རྟའི་བ་དན་ཡར་ལ་བསྟོད།།
ཨོ་་་་་་འོ་་་་་་་ཧོ་་་་་་
གླིང་དཀར་དཔའ་བོའི་དགེ་མཚན་ཉི་འོད་ཀྱི།།
གངས་ལྗོངས་ཆོས་སྲིད་འོད་སྟོང་འཕྲོ་བའི་གཟིས།།
འཛམ་གླིང་སྐྱེ་རྒུ་ཞི་བདེའི་དཔལ་རོལ་ནས།།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།
ཨོ་་་་་་འོ་་་་་་ཧོ་་་་་་
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息