2023年索南多杰最新单曲(附带歌词)

创作翻唱 公保·Music 第406期 2023-03-06 创建 播放:42968

介绍: ཕ་ཡུལ་གད་ཁུང་སྐྱིད།

བེ་དུང་གིས་ཚིག་བརྩམས།

བསོད་ནམས་སྟོབས་རྒྱལ་གྱིས་དབྱངས་བརྩམས།

བསོད་ནམས་སྟོབས་རྒྱལ་གྱིས་བླངས།



རང་ས་གད་ཁུང་སྐྱིད་ཀྱི་གཞི་མ།།

ཡབ་ཀྱི་རྩྭ་ཐང་བློ་རྒྱ་འཁྲུངས་ས།།

ཡུམ་གྱི་གཙང་པོ་བརྩེ་བས་བཞུར་ས།།

རྟ་ཐོག་མི་ཡི་སེམས་རྒྱུད་དཀར་ས།།

ཞེན་ཆགས་ནང་གི་གཡང་ས་ཞལ་དཀར།།

ང་ཡི་ཕ་ཡུལ་སྟོད་སོག་སྡེ་ཡིན།།

...

介绍: ཕ་ཡུལ་གད་ཁུང་སྐྱིད།

བེ་དུང་གིས་ཚིག་བརྩམས།

བསོད་ནམས་སྟོབས་རྒྱལ་གྱིས་དབྱངས་བརྩམས།

བསོད་ནམས་སྟོབས་རྒྱལ་གྱིས་བླངས།



རང་ས་གད་ཁུང་སྐྱིད་ཀྱི་གཞི་མ།།

ཡབ་ཀྱི་རྩྭ་ཐང་བློ་རྒྱ་འཁྲུངས་ས།།

ཡུམ་གྱི་གཙང་པོ་བརྩེ་བས་བཞུར་ས།།

རྟ་ཐོག་མི་ཡི་སེམས་རྒྱུད་དཀར་ས།།

ཞེན་ཆགས་ནང་གི་གཡང་ས་ཞལ་དཀར།།

ང་ཡི་ཕ་ཡུལ་སྟོད་སོག་སྡེ་ཡིན།།



གུར་གྱི་ཤམ་བུ་རླུང་གིས་སྒུལ་ས།།

རྟ་ཕོའི་རྨིག་པས་མེ་ཏོག་གཏོར་ས།།

རྒོད་མའི་འོ་ཆང་ཧུབ་ཀྱིས་འཐུང་ས།།

མི་རབས་ཤིག་གི་སྙན་ངག་འབྲི་ས།།

ལྗང་མདོག་འཁྲིས་ཀྱི་ཕ་གཞིས་དྲོན་མོ།།

ང་ཡི་ཕ་ཡུལ་ལུས་ཀྱི་ཁྲག་ཡིན།།



རང་ཡུལ་ལུང་པ་ཉི་མ་ཤར་ས།།

ན་ཟླའི་དཔུང་བ་བྲག་ལས་བརྟན་ས།།

ལུས་ཀྱི་རྣམ་ཤེས་གཉོམ་ལག་རྒྱས་ས།།

སྐྲ་དཀར་ཉག་མར་སེ་མདའ་ལྷུང་ས།།

རང་བྱུང་ཁམས་ཀྱི་འབྲོག་སྡེ་སྨུག་པོ།།

ང་ཡི་ཕ་ཡུལ་དམར་པོ་སྲོག་ཡིན།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息