三智才让 - 岭格萨尔王赞歌

创作翻唱 划破天边的音符 第905期 2023-02-13 创建 播放:19646

介绍: གླུ་ཨ་ལས་རྒྱལ་པོ་གེ་སར་ལ། །

ངག་ཐ་ལས་སྐྱིད་སྡུག་ཤར་ཆ་ཀུན། །

དར་དཀར་པོ་འདི་ཡི་རྒྱུད་ནས་ཞུ། །

གླིང་རྒྱལ་པོ་སེང་ཆེན་སྙིང་གི་གྲོགས། །

ཐུགས་བརྩེ་ཆེན་ཡེ་ཤེས་བདག་ལ་དགོངས། །

སྤྱན་ཐོ་རེངས་སྐར་ཆེན་བདག་ལ་ཕྱོགས། །

སྙན་ཀུན་བཟང་དར་ལུང་བདག་ལ་གསོན། །

ཁྱེད་རྒྱལ་པོའི་ཐུགས་གཅེས་སྨན་ཆུང་ང་། །

ལས་སྨོན་ལམ་རེ་རེས་འཕེན་ཕྱོགས་...

介绍: གླུ་ཨ་ལས་རྒྱལ་པོ་གེ་སར་ལ། །

ངག་ཐ་ལས་སྐྱིད་སྡུག་ཤར་ཆ་ཀུན། །

དར་དཀར་པོ་འདི་ཡི་རྒྱུད་ནས་ཞུ། །

གླིང་རྒྱལ་པོ་སེང་ཆེན་སྙིང་གི་གྲོགས། །

ཐུགས་བརྩེ་ཆེན་ཡེ་ཤེས་བདག་ལ་དགོངས། །

སྤྱན་ཐོ་རེངས་སྐར་ཆེན་བདག་ལ་ཕྱོགས། །

སྙན་ཀུན་བཟང་དར་ལུང་བདག་ལ་གསོན། །

ཁྱེད་རྒྱལ་པོའི་ཐུགས་གཅེས་སྨན་ཆུང་ང་། །

ལས་སྨོན་ལམ་རེ་རེས་འཕེན་ཕྱོགས་ཀྱིས། །

དུས་སྙིགས་མའི་སོ་ཁ་འདི་ལ་ལྷུང་། །

སེམས་མི་བརྟན་དགའ་སྡུག་རི་མོ་འཕྱུར། །

ལུས་མི་བརྟན་རི་ཁའི་དར་ལྕེ་འདྲ། །

མ་འགྲོ་དོན་ཡོང་བ་ཕར་ལ་ཞོག །

རང་རྣམ་དཀར་ནམ་ལངས་སྐར་མ་རེད། །

རྐྱེན་མང་པ་རླུང་ནང་མར་མེ་འདྲ། །

རྟགས་རྟེན་འབྲེལ་ཆུ་ནང་རི་མོ་འདྲ། །

ཡིད་གསལ་སྣང་སྨུག་པ་ལང་ལོང་རེད། །

ཉམས་དྲོད་ཚད་ཟེར་ན་ཕ་ཚད་རེད། །

ཚུལ་གང་ལ་བསམ་ཡང་སྐྱོ་བའི་གནས། །

དེ་ཡིན་ཡང་སྙིང་གི་མེ་ལོང་དུ། །

རྗེ་སེང་ཆེན་རྒྱལ་པོ་ཁྱེད་བཞུགས་པས། །

སེམས་ཁོ་ཐག་མ་ཆད་འཚོ་ཙམ་ཡིན། །

སྨན་ང་འདྲར་སྐྱིད་སྡུག་ཅི་བྱུང་ཆོག །

རྗེ་ཁྱེད་ནི་སྐྱབས་དང་དཔུང་གི་གཉེན། །

མགོན་ཁྱེད་ནི་ཕ་དང་མ་ཡི་དོད། །

གྲོགས་ཁྱེད་ནི་བླ་དང་སྲོག་གི་ཚབ། །

ཉིན་བོས་ན་བྱ་ར་བྱེད་སྣང་དང་། །

མཚན་དྲན་ན་མེལ་ཚེའི་ཡིད་ཆེས་ཡོད། །

ཁྱེད་དྲན་ནས་མིག་ཆུ་འཐོར་བ་མང་། །

དེ་འཐོར་ཡང་རིན་ཐང་གཞལ་ཟླ་མེད། །

ཁྱེད་ནམ་མཇལ་བསམ་ནས་རེ་བས་འདས། །

དེ་སྒུག་ཐག་རིང་ཡང་དོན་འབྲས་ཆེ། །

ཕོ་ཁྱེད་ལ་མཁྱེན་བརྩེ་ནུས་གསུམ་ཡོད། །

ཕོ་ཁྱེད་ལ་མཐུ་དང་རྫུ་འཕྲུལ་མངའ། །

ཕོ་ཁྱེད་ནི་ལྷ་མི་གཞན་འདྲ་མིན། །

ང་བུ་མོའི་ངང་ཚུལ་ལོས་མཁྱེན་མོད། །

སེམས་སྐྱོ་བས་ཡས་བརྗོད་ཤོར་བ་དང་། །

ཐུགས་སྐུལ་བའི་འབོད་པ་རྒྱུན་ཆད་མེད། །

ཐུགས་དགོངས་པ་སུན་པའི་དཔེ་མི་སྲིད། །

སྔོན་དམ་བཅའ་རྡོ་རྗེའི་རི་མོ་དེ། །

འགྱུར་བསམ་པ་སེམས་ཀྱི་མཐིལ་ན་མེད། །

མཐུ་བྱིན་རླབས་བཙན་ཐབས་ལ་མོ་གནོང་། །

དགྲ་དམ་གྲིབ་འགོག་པའི་ལྕགས་རི་གྱིས། །

ནད་དུག་ལྔ་སྲུང་བའི་གུར་ཁང་གྱིས། །

རྐྱེན་བར་ཆད་བཟློག་པའི་རུ་འདྲེན་གྱིས། །

ཆོས་དགེ་སེམས་སྐྱེ་བའི་ས་བོན་གྱིས། །

ལས་བྱ་བ་འགྲུབ་པའི་རླུང་རྟ་གྱིས། །

དེ་མཛོད་དང་སྒྲོན་ནེར་བརྩེ་རྟགས་ཡིན། །

དེ་གནོང་དང་ཐུགས་ན་ཡོད་རྟགས་ཡིན། །

དེ་སེམས་ལ་གང་དྲན་སྙན་གསན་ཡིན། །

གླུ་འཁྲུལ་བ་མཆིས་ན་མཐོལ་ལོ་བཤགས། །

ངག་འཆལ་བ་ཡོད་ན་བཟོད་པར་གསོལ། །

གླིང་རྒྱལ་པོའི་ཐུགས་ལ་དེ་འདྲ་ཞོག ། 

ཅེས་པ་ཡང་གནས་ཉུལ་མ་བསམ་གཏན་ཆོས་སྒྲོན་བདག་ཆུ་སྟག་ལོའི་ཟླ་༥པའི་ཚེས་༢༦ཉིན། ཁམས་ལྕི་སོས་ཡག་གི་ཁ་མདོའི་གླིང་རྗེ་འཁྲུངས་གནས་ཀྱི་གེ་སར་ལྷ་ཁང་ནང་མཇལ་དུ་ཕྱིན་ནས་སྙན་དར་གཏོང་སྐབས་ཡིད་གཡོས་ནས་གང་འདོད་གོ་རིམ་མེད་པར་གླུ་རུ་བླངས་པ་གླིང་རྗེ་གེ་སར་གྱི་ཐུགས་རྗེ་བྱིན་རླབས་སྙིང་ལ་འཕོ་བའི་རྒྱུ་རུ་ཤོག །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息