介绍: སྒྲ་སྙན།
ཚིག་རྩོམ་མཁན། རུས་པ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་གཏོང་མཁན། སངས་རྒྱས་ཚེ་རིང་།
སྒྲ་སྙན་རྡུང་མཁན། མགར་བསམ་འགྲུབ་ཚེ་རིང་།
སྔོན་འགྲོས་སྡེབས་སྒྲ། མགར་བསམ་འགྲུབ་ཚེ་རིང་།
སྒྲ་ལེན་མཁན། གཡང་རོང་ཨ་དུང་།
སྒྲ་ཞིབ་སྦྱོར། ལི་ཁྲིན་ཅང་།
扎木念
作词:才让扎西
作曲:三智才让
演唱:桑杰才让...
介绍: སྒྲ་སྙན།
ཚིག་རྩོམ་མཁན། རུས་པ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་གཏོང་མཁན། སངས་རྒྱས་ཚེ་རིང་།
སྒྲ་སྙན་རྡུང་མཁན། མགར་བསམ་འགྲུབ་ཚེ་རིང་།
སྔོན་འགྲོས་སྡེབས་སྒྲ། མགར་བསམ་འགྲུབ་ཚེ་རིང་།
སྒྲ་ལེན་མཁན། གཡང་རོང་ཨ་དུང་།
སྒྲ་ཞིབ་སྦྱོར། ལི་ཁྲིན་ཅང་།
扎木念
作词:才让扎西
作曲:三智才让
演唱:桑杰才让
扎木念伴奏:三智才让
伴唱:三智才让
录音:央容阿东
混音:李成江
母带:九歌兰州录音棚
སྒྲ་སྙན།
སྔོན་འགྲོ།
གཡུ་ཡི་སྒྲ་སྙན། གསེར་གྱི་སྒྲ་སྙན།
ཕྲ་མེན་གྱི་སྒྲ་སྙན། དངུལ་གྱི་སྒྲ་སྙན།
༡
རྒྱུད་དྲུག་གི་གདངས་ལས།
གངས་དང་གཙང་བོར་ཐིམ་པའི་བླ་སྲོག་མེ་ལྕེ་ཡིས་མཆེད་སོང་།
རྒྱུད་དྲུག་གི་གདངས་སུ།
འཚེ་མེད་ཞི་བར་ཐིམ་པའི་ས་བོན་ཁ་བ་ཡིས་བབས་སོང་།
མིའི་རིགས་ཀྱི་ས་མཐོའི་དག་ཞིང་ནས།
མགོ་ནག་བོད་པའི་རུས་ངོས་སུ་སྣང་བ།
ཁྲག་རྩའི་སྦུབས་སུ་འབབ་པ།
རྐང་གི་ཟབ་སར་ཆགས་པ།
ཁྱེད་ཡིན་འདུག
སྒྲ་སྙན། གླིང་སྣེ་གསུམ་པའི་གངས་ཀྱི་དབུ་རྩེ་རུ་རྟག་པའི་གསེར་གྱི་ཉི་མ།
སྒྲ་སྙན། གླིང་སྣེ་གསུམ་པའི་གཙང་བོའི་རླབས་རྩེ་རུ་འཕྱོ་བའི་དངུལ་གྱི་ཟེགས་མ།
རྒོད་པོའི་་དབྱངས་ཀྱིས་བཏེགས་པའི་གཡར་བག་གི་རྣམ་ཤེས།
ཚེ་རབས་ཕྲེང་བའི་གངས་ལྗོངས་ཀྱི་ཟབ་སར་ཐིམ་ཡོད།
༢
རྒྱུད་དྲུག་གི་གདངས་སུ།
མདོ་དབུས་ས་མཐོའི་སྣོད་བཅུད་འཆར་ཡན་གྱིས་བཞད་ཡོད།
རྒྱུད་དྲུག་གི་གདངས་ལས།
འགྲོ་བ་མི་ཡི་དབྱངས་རྟ་གནམ་མཐའ་ལས་ལྷང་ཡོང་།
མིའི་རིགས་ཀྱི་གླེང་སྣེ་གསུམ་པ་རུ། མགོ་ནག་བོད་པའི་རུས་ངོས་སུ་སྣང་བ།
སྐད་ཆའི་རྒྱན་དུ་མཆོར་པ།
དབང་བོའི་སྲོག་ཏུ་བསྙལ་བ།
ཁྱེད་ཡིན་འདུག
སྒྲ་སྙན། གླིང་སྣེ་གསུམ་པའི་རྟ་ཁྱུ་མཁའ་མཐར་ཞོགས་པའི་རྨིག་སྒྲའི་བར་སྣང་།
སྒྲ་སྙན། གླིང་སྣེ་གསུམ་པའི་ནས་འབྲུ་ཐང་མར་བརྡལ་བའི་སྙེ་མའི་བྱང་སྒྲ།
སྨྲེང་བའི་རི་རྩེར་འཁྱུག་པའི་བརྩེ་ཞེན་གྱི་གདངས་དབྱངས།
ཚེ་རབས་ཕྲེང་བའི་བདེ་སྡུག་གི་དྭངས་མར་ཐིམ་ཡོད།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息