2022桑杰才让&旦正才让&勒毛措《心中的祝福》

创作翻唱 多尔桑歌舞电台 第408期 2022-12-27 创建 播放:30973

介绍: སེམས་ཀྱི་སྨོན་འདུན།

心中的祝福

གཞས་ཚིག ལྡོང་རུ་རྨུ་ཐག

作词:东日幕塔

གཞས་དབྱངས། རྟ་མགྲིན་ཚེ་རིང་།

作曲: 旦正才让

གཞས་པ། སངས་རྒྱས་ཚེ་རིང་། ཀླུ་མོ་མཚོ། རྟ་མགྲིན་ཚེ་རིང་།

原唱:桑杰才让 勒毛措 旦正才让

བརྡ་ཁྱ་ཇུས་འགོད། མཆོག་བཟང་།

海报设计:求桑

གླུ་གཞས།
ཕ་ཁུ་རྒྱ་སྟག་གཡས་ནས་འགྱིང་།

སྲིད་པའི་གཏམ་སྒོ...

介绍: སེམས་ཀྱི་སྨོན་འདུན།

心中的祝福

གཞས་ཚིག ལྡོང་རུ་རྨུ་ཐག

作词:东日幕塔

གཞས་དབྱངས། རྟ་མགྲིན་ཚེ་རིང་།

作曲: 旦正才让

གཞས་པ། སངས་རྒྱས་ཚེ་རིང་། ཀླུ་མོ་མཚོ། རྟ་མགྲིན་ཚེ་རིང་།

原唱:桑杰才让 勒毛措 旦正才让

བརྡ་ཁྱ་ཇུས་འགོད། མཆོག་བཟང་།

海报设计:求桑

གླུ་གཞས།
ཕ་ཁུ་རྒྱ་སྟག་གཡས་ནས་འགྱིང་།

སྲིད་པའི་གཏམ་སྒོ་ངག་ནས་གྲོལ།

འཛོམས་ཆང་སེང་གེའི་འོ་མ་འདིར།

ཡིད་དྭངས་གཙང་སེམས་ཀྱི་སྨོན་འདུན་འཁྱིལ།

ཐུགས་དགྱེས་པས་བཞེས།

གཏམ་གཡུང་དྲུང་འཁྱིལ།

ནོར་ལོངས་སྤྱོད་འཛོམས་པའི་གཡང་ཁྱིམ་འདིར།

ཕ་དང་ཨ་ཁུ་ཁ་ཞག་ཀྱི་ལེར་ཡོད།

སྐྱེས་ཡག་མ་སྲུ་གཡོན་ནས་འཛུམ།

བཅུད་བཟང་སྡེར་ཁ་མགྲོན་ལ་བཤམས།

འབྲི་མར་སེར་བོའི་འོ་ཇ་འདིར།

སྐྱིད་ཕྱྭ་གཡང་འཕེལ་བའི་སྨོན་འདུན་ལྟེམས།

ཡིད་དགའ་བས་གསོལ།

ཚེ་བསོད་ནམས་འཕེལ།

སྐྱིད་རུ་མ་ལྟེམས་པའི་གཡང་ཁྱིམ་འདིར།

མ་དང་སྲུ་མོ་ཁུ་ཞག་ལྡེམ་མེར་ཡོད།

གཞོན་ཡག་སོ་དཀར་དཀྱིལ་ནས་འཁོར།

ཁུ་བྱུག་གྲེ་འགྱུར་ངག་ལ་རྫོགས།

སྙན་འགྱུར་སྟོང་གི་གཞས་ཆུང་འདིས།

ནང་འཆམ་མཐུན་ཞི་བདེའི་སྨོན་འདུན་བསྣམས།

སོས་དལ་གྱིས་གསོན།

ལུས་ངལ་བ་སངས།

ནང་དགོད་སྒྲ་སྙན་པའི་གཡང་ཁྱིམ་འདིར།

སྤུན་དང་ན་ཟླ་ཁ་སེམས་མཐུན་ནས་ཡོད།

ཞིང་ལ་ལོ་ཡག་འབྲུ་དྲུག་སྙེ་མས་གཏམས།

ཕྱུགས་ལ་འཕེལ་ལེགས་གཡང་ར་སྒོ་བཞིས་ཁེངས།

མི་ལ་ཚེ་རིང་ཅི་བྱས་དོན་མཐའ་འཁྱོལ།

རྒྱལ་ཁམས་བདེ་ཞིང་སྲིད་འབྱོར་རིག་གསུམ་འཕེལ།

ཕྱི་འཇིག་རྟེན་བདེ།

ནང་སེམས་ཅན་སྐྱིད།

ཡིད་སྨོན་འདུན་འདི།

དོན་སྨིན་པར་ཤོག

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息