སེམས་སྒྲ་

音乐播客 迷途者之歌 第1期 2022-07-17 创建 播放:7617

介绍: 迷途者之歌

༼སེམས་སྒྲ།༽

སེམས་ཀྱི་ཕོ་ཉ་དོན་གྲུབ།
ཕ་ཡུལ་ཕྱོགས་ལ་བཏང་ཡོད།
ཡབ་ཡུམ་སྐུ་གྲལ་གཉིས་པོས།
སྤྱན་གྱིས་གཟིགས་པ་ཨེ་བྱུང་།

སེམས་ཀྱི་ཕོ་ཉ་བརྒྱུད་ནས།
སྙིང་གཏམ་འགྱོད་བཤགས་བསྐུར་ཡོད།
ཡབ་ཡུམ་སྐུ་གྲལ་གཉིས་པོས།
སྙན་གྱིས་གསན་པ་ཨེ་བྱུང་།

ལུས་པོ་བཙོན་དུ་ལུས་སོང་།
སེམས་པ་ཡུལ་ལ་ཤོར་སོང་།
སྤྱན་གྱིས་གཟིགས་པ་བྱུང་ན།
ཕྱག...

介绍: 迷途者之歌

༼སེམས་སྒྲ།༽

སེམས་ཀྱི་ཕོ་ཉ་དོན་གྲུབ།
ཕ་ཡུལ་ཕྱོགས་ལ་བཏང་ཡོད།
ཡབ་ཡུམ་སྐུ་གྲལ་གཉིས་པོས།
སྤྱན་གྱིས་གཟིགས་པ་ཨེ་བྱུང་།

སེམས་ཀྱི་ཕོ་ཉ་བརྒྱུད་ནས།
སྙིང་གཏམ་འགྱོད་བཤགས་བསྐུར་ཡོད།
ཡབ་ཡུམ་སྐུ་གྲལ་གཉིས་པོས།
སྙན་གྱིས་གསན་པ་ཨེ་བྱུང་།

ལུས་པོ་བཙོན་དུ་ལུས་སོང་།
སེམས་པ་ཡུལ་ལ་ཤོར་སོང་།
སྤྱན་གྱིས་གཟིགས་པ་བྱུང་ན།
ཕྱག་གི་གཡུག་ཙམ་གནང་དང་།

དྲིན་ཆེན་ཕ་མའི་སེམས་ནང་།
ཐུགས་སྐྱོ་མ་གནང་གསུངས་རོགས།
དཀའ་སྤྱད་ཀླུང་མོའི་ཐང་ཆེན།
བརྩོན་འགྲུས་རྟ་ཕོས་བཞག་ཆོག

ཡུལ་གྱི་ཨ་སྔོན་མཁའ་ལ།
བྱ་ཞིག་ལྡིང་བ་བྱུང་ན།
ལན་གཅིག་གསན་འཇོག་གནང་དང་།
བུ་ཆུང་དགའ་རོགས་ཡིན་འགྲོ།

ལས་དེ་ཕ་མ་བུ་ཕྲུག
མཐའ་གཅིག་བྲལ་བར་འགྱུར་ཡང་།
༼དཀོན་མཆོག་བྱམས་སེམས་ཅན་གྱིས།
མཇལ་བའི་སྐལ་བ་བསྩོལ་ཡོང་།༽ ༣
། ། །
། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息