བློས་ཐུབ་གྲོགས་པོ།ཚེ་དབང་འབུམ།

创作翻唱 藏歌精选1376 第995期 2022-04-06 创建 播放:188066

介绍: བློས་ཐུབ་གྲོགས་པོ།

ཚིག ལྡོང་རུ་རྨུ་ཐག་གིས་བརྩམས།

དབྱངས། རྒན་གྱའི་གདུགས་དཀར་སྐྱབས་ཀྱིས་བརྩམས།

རྡུང་ལེན། རྒན་གྱའི་ཚེ་དབང་འབུམ་གྱིས་བླངས།

སྒྲ་ལེན་པ། མངའ་རིས་པ་ཆོས་རྒྱ་མཚོ།

འུ་གཉིས་འགྱུར་མེད་ཀྱི་གྲོགས་པོར་གྱུར་བ་ནས།།

བྱ་བཞག་ཆེ་ཆེ་ཞིག་སུས་ཀྱང་མ་འགྲུབ་རུང་།།

ཤ་གསེང་རུས་གསེང་ལ་འཐིམ་པའི་བརྩེ་བ་དེ།།

བསུབ་མ...

介绍: བློས་ཐུབ་གྲོགས་པོ།

ཚིག ལྡོང་རུ་རྨུ་ཐག་གིས་བརྩམས།

དབྱངས། རྒན་གྱའི་གདུགས་དཀར་སྐྱབས་ཀྱིས་བརྩམས།

རྡུང་ལེན། རྒན་གྱའི་ཚེ་དབང་འབུམ་གྱིས་བླངས།

སྒྲ་ལེན་པ། མངའ་རིས་པ་ཆོས་རྒྱ་མཚོ།

འུ་གཉིས་འགྱུར་མེད་ཀྱི་གྲོགས་པོར་གྱུར་བ་ནས།།

བྱ་བཞག་ཆེ་ཆེ་ཞིག་སུས་ཀྱང་མ་འགྲུབ་རུང་།།

ཤ་གསེང་རུས་གསེང་ལ་འཐིམ་པའི་བརྩེ་བ་དེ།།

བསུབ་མེད་རྡོ་བརྐོས་ཀྱི་རི་མོའི་ངང་ཚུལ་ཡིན།།

འུ་གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར་བ་ནས།།

སྡོད་སའི་ཡུལ་ལུང་དང་འཚོ་སྟངས་མི་གཅིག་རུང་།།

ཁ་ཞེ་གཉིས་མེད་ཀྱི་དམ་བཅའ་བརྟན་པོ་དེ།།

གཡོ་མེད་རྟག་བརྟན་གྱི་རི་བོའི་རང་བཞིན་ཡིན།།

འུ་གཉིས་བསླུ་མེད་ཀྱི་གྲོགས་པོར་གྱུར་བ་ནས།།

ཁ་ཡག་ཚིག་རྒྱན་གྱི་སྐད་ཆ་མེད་ན་ཡང་།།

རྒྱུ་དང་ངོ་སོ་ཡི་དབང་དུ་མི་འགྲོ་བའི།།

ཡིད་ཆེས་བརྟན་པོ་ཞིག་ཕན་ཚུན་སེམས་ན་ཡོད།།

འུ་གཉིས་ལས་མཐུན་གྱི་གྲོགས་པོར་གྱུར་བ་ནས།།

མི་ཚེའི་དར་རྒུད་ཀྱི་ལམ་ཕྲན་གང་ཞིག་ཀྱང་།།

སྐྱིད་སྡུག་མཉམ་གཤིབ་ཀྱི་ལོ་ཟླ་རིང་མོ་དེ།།

གདོང་གི་རྒས་གཉེར་གྱི་རི་མོར་གསལ་ནས་ཡོད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息