​རྫི་རོགས་བུ་མོ།

创作翻唱 藏歌精选1376 第969期 2022-01-13 创建 播放:279722

介绍: རྫི་རོགས་བུ་མོ།

ཚིག བསང་ཚེ་བཀྲ།

དབྱངས། ཁོ་ཚེ་དཔལ་ལྡན།

ལེན་མཁན། དཀོན་མཆོག་སྐྱབས།

ཐུགས་བལ་དཀར་འདྲ་བའི་ན་ཆུང་མ། །

ས་གཡས་ལུང་མེ་ཏོག་སྒང་ལམ་དུ། །

ལུག་འཚོ་སའི་རི་ལུང་མི་གཅིག་རུང་། །

ཁ་ཚིག་གསུམ་ཞུས་ན་ཨེ་ཆོག་གི །

ཨ་རོགས་ཡེ། རྫི་རོགས་བུ་མོ །

ང་ཅང་མེད་བུ་ལོའི་སེམས་གཏིང་ན། །

ཁྱོད་...

介绍: རྫི་རོགས་བུ་མོ།

ཚིག བསང་ཚེ་བཀྲ།

དབྱངས། ཁོ་ཚེ་དཔལ་ལྡན།

ལེན་མཁན། དཀོན་མཆོག་སྐྱབས།

ཐུགས་བལ་དཀར་འདྲ་བའི་ན་ཆུང་མ། །

ས་གཡས་ལུང་མེ་ཏོག་སྒང་ལམ་དུ། །

ལུག་འཚོ་སའི་རི་ལུང་མི་གཅིག་རུང་། །

ཁ་ཚིག་གསུམ་ཞུས་ན་ཨེ་ཆོག་གི །

ཨ་རོགས་ཡེ། རྫི་རོགས་བུ་མོ །

ང་ཅང་མེད་བུ་ལོའི་སེམས་གཏིང་ན། །

ཁྱོད་ཟླ་འོད་བཞིན་དུ་མཛེས་ཤིང་སྡུག །

མིག་སྐར་ཆེན་འདྲ་བའི་ན་ཆུང་མ། །

བཙག་བསེར་བུ་རྒོད་པའི་རྫ་ལུང་དུ། །

རུ་འབབ་སའི་མཚེར་ས་མི་གཅིག་རུང་། །

ཞེ་སྣང་བ་གླེང་ན་ཨེ་དྲག་གི །

ཨ་རོགས་ཡེ། རྫི་རོགས་བུ་མོ།

ང་ཁེར་རྐྱང་བུ་ལོའི་ཕྱི་ནང་ན། །

ཁྱོད་ཁུ་ལོ་བཞིན་དུ་སྙན་ཞིང་འཇེབས། །

གཟུགས་མདའ་སྨྱུག་འདྲ་བའི་ན་ཆུང་མ། །

ཕྱུགས་དཀར་ནག་འདྲེས་མའི་འབྲོག་ཐང་དུ། །

ཡུལ་འགྲོ་སའི་རུ་ལམ་མི་གཅིག་རུང་། །

སེམས་སྙིང་གཏམ་བཤད་ན་ཨེ་རློམ་གི །

ཨ་རོགས་ཡེ ། རྫི་རོགས་བུ་མོ།

ང་འཁྱམ་པོའི་བུ་ལོའི་རྨི་ལམ་ན། །

ཁྱོད་བལ་དཀར་བཞིན་དུ་འཇམ་ཞིང་ལྷོད།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息