创作翻唱 日瓦雪诺音乐圈 第82期 2022-01-04 创建 播放:21506

介绍: ༄༅།།སེམས་ཀྱི་རེ་བ།

ཚིག འཇིགས་གསེར་དང་ཆོས་འཕེལ།

གདངས། གངས་ཕྲུག་བློ་རྒྱ།

གཞས་པ། ཚེ་དབང་དང་ཆོས་འཕེལ།

ཕ་སྐད་དོར་ནས་གཞན་སྐད་ཤོད་དང་གཅིག །

མ་ཡིག་དོར་ནས་གཞན་ཡིག་འབྲི་དང་གཉིས། །

ནང་ཆོས་དོར་ནས་རྨོངས་དད་བྱེད་དང་གསུམ། །

དེ་གསུམ་བོད་པ་ཚང་གི་རྣམ་དཔྱོད་མིན། །

སྤུན་མཆེད་བར་ལ་ཞེ་སྡང་བྱེད་དང་གཅིག །

གྲོགས་པོའི་བར་ལ་འག...

介绍: ༄༅།།སེམས་ཀྱི་རེ་བ།

ཚིག འཇིགས་གསེར་དང་ཆོས་འཕེལ།

གདངས། གངས་ཕྲུག་བློ་རྒྱ།

གཞས་པ། ཚེ་དབང་དང་ཆོས་འཕེལ།

ཕ་སྐད་དོར་ནས་གཞན་སྐད་ཤོད་དང་གཅིག །

མ་ཡིག་དོར་ནས་གཞན་ཡིག་འབྲི་དང་གཉིས། །

ནང་ཆོས་དོར་ནས་རྨོངས་དད་བྱེད་དང་གསུམ། །

དེ་གསུམ་བོད་པ་ཚང་གི་རྣམ་དཔྱོད་མིན། །

སྤུན་མཆེད་བར་ལ་ཞེ་སྡང་བྱེད་དང་གཅིག །

གྲོགས་པོའི་བར་ལ་འགྲན་རྩོད་བྱེད་དང་གཉིས། །

ཁྱིམ་མཚེས་བར་ལ་འཁོན་འཛིན་མང་དང་གསུམ། །

དེ་གསུམ་བོད་པ་ཚང་གི་གོམས་གཤིས་མིན། །

ང་ཚོ་བོད་ཀྱི་མི་རྣམས་ལ།

ཕ་སྐད་མ་ཡིག་ནང་ཆོས་ནོར་བུ་ཡོད། །

རང་གི་ནོར་བུ་རང་གིས་བདག་པོ་རྒྱོབ། །
ད་དུང་སྤུན་ཟླའི་བར་ལ་གཅིག་ཕན་གཅིག་རོགས་གནང་། །

ཁེ་ཕན་ཆེད་དུ་རྒྱུ་འབྲས་དོར་དང་གཅིག །

དངུལ་ལོར་ཆེད་དུ་རང་ལུས་འཚོང་དང་གཉིས། །

ཟུར་གསལ་བཙལ་ནས་ཟ་ཚང་བྲལ་དང་གསུམ། །

དེ་གསུམ་བོད་པ་ཚང་གི་ཀུན་སྤྱོད་མིན། །

གཡོ་སྒྱུ་བཤད་ནས་མི་སེམས་བསླུ་དང་གཅིག །

ཧམ་པ་བཤད་ནས་ཁེ་བཟང་ཟ་དང་གཉིས། ། 

སྤྲེལ་ལས་བཤད་ནས་རང་དོན་སྒྲུབ་དང་གསུམ། ། 

དེ་གསུམ་བོད་པ་ཚང་གི་འཇོན་ཐང་མིན། ། 

ང་ཚོ་བོད་ཀྱི་མི་རྣམས་ལ།

ཡ་རབས་བཟང་པོའི་བྷོ་ཊའི་མི་རིགས་ཟེར། །

དམ་ཚིག་མཐུན་པའི་གཅིག་སེམས་གཅིག་ལ་སྒྲིལ། ། 

ད་དུང་འཚེ་མེད་ཞི་བདེའི་རླབས་ཆེན་གོམ་ཁ་སྐྱོངས།།།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息