介绍: གླུ་ཨ་ལ་གླིང་གི་ལེན་ལུགས་ཡིན།
ཐ་ལ་ངག་གི་འགུག་ལུགས་རེད། །
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན། །
ཡ་་བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ། །རེ
ས་འདིའི་ས་ངོ་མ་ཤེས་ན། །
གླིང་དཀར་སྐྱིད་པའི་འདུ་ར་རེད། །
ང་འདྲའི་ང་ངོ་མ་ཤེས་ན། །
ཡ་་་འཛམ་གླིང་བུ་མོའི་དྭངས་རྩེ་དང་། །རེ
གླིང་དཀར་སྟོད་པའི་དཔོན་པོ་ལ། །
སྐྱ་ལོའི་སེང་ལྕམ་འབ...
介绍: གླུ་ཨ་ལ་གླིང་གི་ལེན་ལུགས་ཡིན།
ཐ་ལ་ངག་གི་འགུག་ལུགས་རེད། །
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན། །
ཡ་་བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ། །རེ
ས་འདིའི་ས་ངོ་མ་ཤེས་ན། །
གླིང་དཀར་སྐྱིད་པའི་འདུ་ར་རེད། །
ང་འདྲའི་ང་ངོ་མ་ཤེས་ན། །
ཡ་་་འཛམ་གླིང་བུ་མོའི་དྭངས་རྩེ་དང་། །རེ
གླིང་དཀར་སྟོད་པའི་དཔོན་པོ་ལ། །
སྐྱ་ལོའི་སེང་ལྕམ་འབྲུག་མོ་ཟེར། །
མཛེས་མོ་རྨ་བྱའི་སྒྲོ་གུར་ཡིན། །
ཡ་་དྲང་ལྡེམ་མདའ་སྨྱུག་སིལ་མ་ཡིན། །རེ
དེ་རིང་བཀྲ་ཤིས་དུས་བཟང་ལ། །
གླིང་རྗེ་གེ་སར་ཉི་མ་ལ། །
བློན་ཚོགས་དཔའ་བརྟུལ་སྐར་ཚོགས་བཀྲ། །
ཡ་་་དགའ་སྐྱིད་སྟོན་མོའི་དཔལ་ལ་འཛོམས། །རེ
ཡང་་་འབྲུག་མོས་བདུད་རྩིའི་ཇ་སྐྱེམས་འདྲེན། །
ཇ་བྱུང་གོང་མ་ལྷ་ལ་བྱུང་། །
ལྷ་དབང་བརྒྱ་བྱིན་ཡུལ་ལ་བྱུང་། །
ཡ་་འཆི་མེད་གྲུབ་པའི་བདུད་རྩིར་དངོས། །རེ
ཇ་བྱུང་བར་མ་མི་ལ་བྱུང་། །
རྒྱ་བོད་ཡུལ་གྲུ་ཀུན་ལ་བྱུང་། །
དྲི་ཞིམ་སྨན་གྱི་ངད་པ་ཐུལ། །
ཡ་་སྐོམ་སེལ་ལུས་བདེ་སེམས་ཁམས་དྭངས། །རེ
དེ་རིང་ཇ་འདི་གླིང་དཀར་ཇ། །
མཁའ་འགྲོ་ནེའུ་ཆུང་ལྷ་མོ་ཡིས། །
གངས་ཆབ་སྨན་ཆུ་དྭངས་མོ་བླངས། །
ཡ་་ཐབ་སྒྱེད་རི་གསུམ་ལྷུན་པོའི་ཁར། །རེ
ཟངས་དཀར་བཀྲ་ཤིས་འཁྱིལ་བའི་ནང་། །
ཇ་ཤིང་མེ་ཏོག་འདབ་དྲུག་སོགས། །
སེག་ཆེན་ཇ་ལ་སྤར་གསུམ་བཏབ། །
སེག་ཆུང་ཁ་ནས་སྤར་གསུམ་བཏབ། །
ཡང་་་ཁོལ་མོ་གཡུ་འབྲུག་ལྡིར་ལྡིར་བྱས། །
དུ་བ་ལྷོ་སྤྲིན་འཁྱིལ་འཁྱིལ་བྱས། །
མེ་ལྕེ་གློག་དམར་འཁྱུག་འཁྱུག་བྱས། །
ཡ་་ཇ་ཁོལ་རྒྱ་མཚོ་འཕྱུར་འཕྱུར་བྱས། །རེ
ཇ་རླངས་སྨུག་སྤྲིན་འཐིབ་འཐིབ་བྱས། །
ཇ་ཟིལ་སེར་བ་འབབ་འབབ་བྱས། །
འབྲི་འོ་དཀར་པོའི་ཞིམ་མངར་བསྣན། །
ཡ་་་བྱང་ཚྭ་དཀར་པོའི་བྲོ་བ་བསྐྱེད། །རེ་
མར་དཀར་རིལ་བུའི་ཇ་ཞག་སྤྲས། །
ལྷ་ལ་སྐྱབས་འཇུག་ཞུ་བཞིན་དུ། །
ཇ་ཕྱར་ཐེངས་མ་གསུམ་ལ་ཕྱར། །
ཡ་་ཇ་ཕུད་དཀོན་མཆོག་གསུམ་ལ་མཆོད། །རེ
དཀར་ཕྱོགས་ལྷ་སྲུང་ཡོངས་ལ་མཆོད། །
ཇ་བཅུད་དེམ་དཀར་བུམ་པར་བསུས། །
དཀར་ཡོལ་བདུད་རྩི་བཅུད་འཛིན་ནས། །
ཡ་་ཇ་བཅུད་རྒྱལ་བློན་ཡོངས་ལ་འདྲེན། །སོ
ཡང་་་་་ཇ་འདིའི་ཡོན་ཏན་བསམ་མི་ཁྱབ། །
འཆི་མེད་བདུད་རྩིའི་བཅུད་གཡང་འཁྱིལ། །
གྲུབ་པའི་རྒྱལ་མོའི་ཚེ་གཡང་འདུས། །
ཡ་་ཇ་འདྲེན་འབྲུག་མོ་བསོད་ནམས་ཆེ། །སོ
ཇ་བཞེས་རྒྱལ་བློན་གཟི་བརྗིད་ཆེ། །
ཇ་འདི་བཞེས་པའི་བསོད་ནམས་ཀྱིས། །
དབུ་འཕང་དགུང་ལས་མཐོ་བར་ཤོག །
ཡ་་་སྐུ་བརྗིད་རི་ལས་བརྟན་པར་ཤོག །རེ
འཕྲིན་ལས་རྣམ་བཞི་ལྷུན་འགྲུབ་ཤོག །
བདུད་བཞི་ཟིལ་གྱིས་གནོན་པར་ཤོག །
ནག་ཕྱོགས་རྩད་ནས་འཇོམས་པར་ཤོག །
ཡ་་དཀར་ཕྱོགས་བསྟན་པ་ཚུགས་པར་པར་ཤོག །
སེང་ལྕམ་འབྲུག་མོས་ཇ་སྐྱེམས་འདིས། །
འཛམ་གླིང་ཡོངས་ལ་བཀྲ་ཤིས་ཤིང་། །
གླིང་དཀར་སྟོད་ལ་ཕུན་ཚོགས་ཤོག །
ཡ་་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །རེ་
རྒྱལ་བློན་ཐུགས་ལ་དེ་ལྟར་ཞོག །
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息