《དབང་བསྟོད་རིགས་ལྡན》

创作翻唱 Tibet藏印 第275期 2021-11-18 创建 播放:37538

介绍: ༄༅།།དབང་བསྟོད་རིགས་ལྡན་དགྱེས་པའི་མཆོད་སྤྲིན།

ཚིག བློ་སངས།

དབྱངས། མདའ་ཨ་འཕགས།

ལེན་མཁན། མདའ་ཨ་འཕགས།

དཔལ་གསང་བའི་བདག་པོ་མི་ཡི་གར།།

ཕ་བླ་མ་ལཱ་མོ་གོང་ས་མཆོག།

རྨ་ལྷོ་བྱང་གདུལ་བྱ་འབུམ་ཕྲག་གི།

སེམས་དད་པའི་རྩེ་ན་རྟག་ཏུ་བཞུགས།།

ཡུལ་མཆོག་གྱུར་མདོ་སྨད་ས་ཡི་ཆ།།

མཚོ་གྲགས་ཅན་ཁྲི་ཤོར་མཚོ་མོའི་བྱང་།།

ས་དཀར...

介绍: ༄༅།།དབང་བསྟོད་རིགས་ལྡན་དགྱེས་པའི་མཆོད་སྤྲིན།

ཚིག བློ་སངས།

དབྱངས། མདའ་ཨ་འཕགས།

ལེན་མཁན། མདའ་ཨ་འཕགས།

དཔལ་གསང་བའི་བདག་པོ་མི་ཡི་གར།།

ཕ་བླ་མ་ལཱ་མོ་གོང་ས་མཆོག།

རྨ་ལྷོ་བྱང་གདུལ་བྱ་འབུམ་ཕྲག་གི།

སེམས་དད་པའི་རྩེ་ན་རྟག་ཏུ་བཞུགས།།

ཡུལ་མཆོག་གྱུར་མདོ་སྨད་ས་ཡི་ཆ།།

མཚོ་གྲགས་ཅན་ཁྲི་ཤོར་མཚོ་མོའི་བྱང་།།

ས་དཀར་ཐང་མར་ཁུའི་མཚོ་མོ་རུ།།

མགོན་ཁྱེད་ཉིད་ཆོས་འཁོར་བསྐོར་ལ་བྱོན།།

ཁམས་གསུམ་ན་འགྲན་ཟླ་མ་མཆིས་པའི།།

སྒར་ཆེན་མོ་ལཱ་མོ་ཨུ་རྒེ་ཡང་།།

དཔལ་ཤམ་བྷ་ལ་ཡི་གྲོང་ཁྱེར་བཞིན།།

གནས་འདི་རུ་བསོད་ནམས་དཔལ་དུ་ཤར།།

རྗེ་ལཱ་མོའི་ལྷ་སྡེའི་ཡང་སྙིང་སྟེ།།

སྡེ་ཆེན་པོ་མདའ་ཚན་ཚོ་བདུན་གཙོས།།

བོད་ཆོལ་གསུམ་དད་ལྡན་ཁྲི་མ་འབུམ།།

དགུང་སྐར་ཚོགས་ས་ལ་འཕོས་པ་འདྲ།།

གནས་ཕུན་ཚོགས་དཀར་ཐང་མར་ཁུའི་མཚོར།། མགོན་ཕུན་ཚོགས་ཕྱག་ན་རྡོ་རྗེ་ཡིས།།

ཆོས་ཕུན་ཚོགས་དུས་ཀྱི་འཁོར་ལོའི་དབང་།།

འཁོར་ཕུན་ཚོགས་ལྷ་སྡེ་མདའ་བཞིར་གནང་།།

རྒྱུད་ཀུན་གྱི་མཐར་ཐུག་གཉིས་མེད་གསུང་།།

ཆོས་ཟབ་མོ་འཆི་མེད་བདུད་རྩིའི་རྒྱུན།།

མགོན་ཁྱེད་ཀྱི་ཞལ་གྱི་བུམ་བཟང་ལས།།

བྱིན་ཆགས་སེ་བབས་འདིའི་ངོ་མཚར་རྨད།།

སྐུ་མཛེས་པ་མཚན་དཔེའི་འོད་སྟོང་འབར།།

གསུང་སྙན་པ་འགག་མེད་རང་སྒྲ་སྒྲོགས།།

ཐུགས་ཟབ་བརླིང་རྒྱ་མཚོའི་རྗེས་འགྲོ་བའི།།

སྐྱབས་ཁྱེད་འདྲར་མཇལ་བ་ཨེ་མ་ཧོ།།

ཕ་བླ་མ་ཡབ་རྗེ་གསང་བའི་བདག།

མགོན་ཁྱོད་ཀྱི་མཛད་འཕྲིན་བློ་ལས་འགོངས།།

ཞིང་ཤམ་བྷ་ལ་རུ་བཞུགས་བཞིན་དུ།།

ཆོས་ཟབ་མོའི་ཆར་ཆེན་ཡུལ་འདིར་ཕབ།།

མགོན་ཁྱེད་ནི་ཤམ་བྷ་ལ་ཡི་མགོན།།

དུས་ད་ལྟའི་རིགས་ལྡན་མ་འགག་པ།།

ཆོས་ཟབ་མོའི་དབང་བསྐུར་འདི་འདྲ་ཡང་།།

མགོན་ཁྱེད་ལས་ཐོབ་པ་ངོ་མཚར་ཆེ།།

ཨེ་མ་ཧོ་བདག་ཅག་བསོད་ནམས་ཆེ།།

མགོན་ཁྱེད་འདྲས་རྗེས་སུ་བཟུང་བས་སྤྲོ།།

དུས་མ་འོངས་ཞིང་མཆོག་ཤམ་བྷ་ལར།།

རྗེ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག།

ཚེ་འདི་དང་ཕྱི་མ་ཀུན་ཏུ་ཡང་།།

མགོན་ཁྱེད་ལས་སྐྱབས་གཞན་མ་མཆིས་པས།།

སྐུའི་མཐར་ཐུག་སྟོང་གཟུགས་མ་ཐོབ་བར།།

ཐུགས་བརྩེ་བས་རྗེས་སུ་གཟུང་དུ་གསོལ།།

收起
节目包含歌曲列表(1首歌)
加载中...

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息